མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་ཕན་ཚུན་ལ་འབྲེལ་འདྲིས་དང་ཕན་ཚུན་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་དོན་ཐད་ནས་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-09 10:41

0.jpg

  སྤྱི་ཟླ10བའི་ཚེས7ཉིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་ལ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་དགོས་ཞེས་གསུངས་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་སྤྱི་ཟླ10བའི་ཚེས8ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་མུ་མཐུད་དུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་སྟེ། ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་གཉིས་སུ་ཁྱབ་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་ཕན་ཚུན་ལ་འབྲེལ་འདྲིས་དང་ཕན་ཚུན་བརྗེ་རེས་བྱེད་པའི་རྣམ་པ་གསར་བ་ཆགས་པར་བྱེད་དགོས་ཞེས་བསྟན།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྩ་འཛུགས་ཀྱིས་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་ཕན་ཚུན་ལ་འབྲེལ་འདྲིས་དང་ཕན་ཚུན་བརྗེ་རེས་བཟང་བོ་བྱེད་དགོས་པ་སྟེ། གཅིག་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་གཉིས་སུ་ཁྱབ་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕན་ཚུན་ལ་འབྲེལ་འདྲིས་དང་ཕན་ཚུན་བརྗེ་རེས་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་པ་དང་། གཉིས་ནས་ཕན་ཚུན་ལ་འབྲེལ་འདྲིས་དང་བརྗེ་རེས་བྱེད་པར་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་སྣ་ཚོགས་མེད་པར་བཏང་སྟེ། སྲིད་གཞུང་དང་སྒེར་གཉེར་ལས་ཁུངས། རྒྱལ་སྤྱིའི་ལས་ཁུངས་བཅས་ཡོངས་ཁྱབ་ཏུ་ཞུགས་པའི་དངུལ་གཏོང་དངུལ་བསྡུའི་གྲོགས་པོའི་འབྲེལ་བ་འཛུགས་དགོས། གསུམ་ནས་ས་ཁོངས་དང་རྒྱལ་སྤྱིའི་མཉམ་ལས་སྒྲོམ་གཞིའི་ནང་ཕན་ཚུན་ལ་འབྲེལ་འདྲིས་དང་བརྗེ་རེས་བྱེད་པ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བཞི་ནས་ཕན་ཚུན་ལ་འབྲེལ་འདྲིས་དང་བརྗེ་རེས་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། སློབ་གསོ། ཚན་རིག རིག་གནས་བཅས་ཀྱི་ཁྱབ་ཁོངས་སོ་སོ་རུ་འབྲེལ་བ་སྔར་ལས་བཟང་བོ་འཛུགས་དགོས་ཟེར།

  མཇུག་མཐར་ཞི་ཅིན་ཕེན་གྱིས་ཀྲུང་གོས་སང་ལོའི་སྟོན་ཀར་པེ་ཅིན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུ་རྒྱུ་ཁྱབ་བསྒྲགས་མཛད་དེ། ཚོགས་ཞུགས་མགོ་ཁྲིད་པས་གཅིག་གྱུར་སྒོས་ཀྲུང་གོས་སང་ལོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་བསྡུ་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། གྲོས་ཚོགས་ལ་གྲུབ་འབྲས་ཐོབ་ངེས་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག