མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པ་དང་། ཝུན་ལའེ་དང་ཐེ་གོ ཡོ་ནན་བཅས་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲིར་ཕེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-09 10:41

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་བུན་ལའེ་རྒྱལ་ཁབ་ཀྱི་སུའུ་ཏན་ཧ་སང་ན་ཨར་པའོ་ཨེར་ཅི་ཡ་དང་། ཐེ་གོ་རྒྱལ་ཁབ་ཀྱི་ཙུང་ལི་དབྱིན་ལ། ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་རོན་ཅིན་ཡུང་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སྤྱི་ཟླ10བའི་ཚེས9ཉིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་བུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དྲུག་པ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དྲུག་པ། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ལ་ཞུགས་རྒྱུ་ཡིན་པར་མ་ཟད། བུན་ལའེ་དང་ཐེ་གོ ཡོ་ནན་བཅས་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག