མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-09 10:41

117609505_31n.jpg

  སྤྱི་ཟླ10བའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས་མཛེས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་སྤྱི་ཟླ10བའི་ཚེས7ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས་མཛེས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་ཕྱོགས་བཟང་ཞིང་། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ཀྱི་ཡང་དག་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་བཅོས་སྒྱུར་དང་སྒོ་འབྱེད་ནམ་ཡང་མཚམས་འཇོག་མི་སྲིད། ང་ཚོས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཆེན་པོ་བཅངས་ཡོད། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་འཕེལ་རྒྱས་ལ་གོ་སྐབས་སྔར་ལས་བཟང་བོ་བསྐྲུན་ངེས་ཡིན་པ་དང་། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་གྲོགས་པོ་རྣམས་དང་མཉམ་དུ་འཛམ་གླིང་ལ་སྣེ་ཁྲིད་དང་ཕྱོགས་སོ་སོར་ཕན་པ་ཡོད་པ་དང་། བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་མདུན་དུ་བསྐྱོད་དགོས་ན་ངེས་པར་དུ་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་འཆར་གཞི་གཏན་འཁེལ་བྱེད་བཞིན་ཡོད་པ་དང་། དེ་ལས་གཙོ་བོ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་རྒྱུ་ཡིན་ཞིང་། བཅོས་སྒྱུར་བརྒྱུད་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་ངེས་ཡིན། ང་ཚོས་སྔར་ལས་ཧུར་ཐག་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ནས། གཉིས་ཕན་མཉམ་རྒྱལ་དང་སྣ་མང་དོ་མཉམ། བདེ་འཇགས་ཕན་འབྲས་བཅས་ཀྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་མ་ལག་འཐུས་ཚང་དུ་གཏོང་ངེས་ཡིན་ཟེར།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཁྱིམ་གཞི་ཆེན་པོའི་ནང་གི་གཅིག་ཡིན་པས། ཀྲུང་གོའི་འཕེལ་རྒྱས་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དང་འབྲལ་ཐབས་མེད་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དར་རྒྱས་ཀྱང་ཀྲུང་གོ་དང་འབྲལ་ཐབས་མེད། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཤུགས་ཆེན་པོས་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ངེས་ཡིན་ཟེར།

  ཞི་ཅིན་ཕེན་གྱིས་མཇུག་མཐར་གསུངས་རྒྱུར། བཟོ་ཚོང་ལས་རིགས་ནི་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་དཔུང་ཡིན་ལ། ཀྲུང་གོས་ཁེ་ལས་སོ་སོ་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བ་ཡིན། ཉིས་སྟོང་བཅུ་བཞི་ལོར་ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་གཙོ་བསྒྲུབ་བྱེད་རྒྱུ་ཡིན་པས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་རྣམས་པེ་ཅིན་ལ་ཡོང་ནས་མཉམ་དུ་དོན་ཆེན་ལ་གྲོས་མོལ་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག