མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལས་པུས་ཚད་ལྡན་ཅན་གྱི་འབྲུ་རིགས་ཐོན་འབབ་མཐོ་བ་དང་ལས་ཆོད་མཐོ་བའི་མ་དཔེ58བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་པུས་སྤྱི་ཟླ10བའི་ཚེས7ཉིན་ཚད་ལྡན་ཅན་གྱི་འབྲུ་རིགས་ཐོན་འབབ་མཐོ་བ་དང་ལས་ཆོད་མཐོ་བའི་མ་དཔེ58བཏོན་པ་དང་། དེ་དག་དང་མ་རྨོས་ལོ་ཏོག་དང་། གྲོ། ཆུ་འབྲས། ཞོག་ཁོག་མངར་མོ། པད་ཁ་སོགས་ལོ་ཏོག་དང་འབྲེལ་བ་ཡོད་ཅིང་། བྱང་ཤར་དང་། རྨ་ཆུ་དང་། ཧོའེ་ཧོ་ཆུ་བོ། ཧའེ་ཧ་ཆུ་བོ། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད། ལྷོ་ནུབ་དང་ནུབ་བྱང་ས་ཁུལ་བཅས་ཀྱི་འབྲུ་རིགས་ཐོན་སྐྱེད་ཐད་བཟང་ཆ་ལྡན་པའི་ས་ཁོངས29ཁྱབ་ཡོད་པ་རེད།

ཞིང་ལས་པུའི་འདེབས་འཛུགས་ལས་རིགས་སིའི་སི་ཀྲང་ཡས་ཀྲེན་ཆིང་གིས་ངོ་སྤྲོད་གནང་བར། མ་དཔེ58དེ་དག་ནི་ཐོན་འབབ་མཐོ་བའི་གསར་གཏོད་ལེགས་གྲུབ་ལག་ལེན་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་ས་གནས་ཁག་གི་མུའུ་ཁྲིའི་དཔེ་སྟོན་ཁུལ་གྱི་བྱང་ཆུབ་པའི་མ་དཔེ་འཐུས་ཚང་ཆ་སྦྱོར་བྱས་པ་དང་། ཉམས་ཞན་ལྷུ་ཚིགས་དང་ལག་རྩལ་གྱི་འགག་གནད་ཐད་ཚན་རྩལ་འགག་གཏོར་བྱས་པ་ཞིག་ཡིན་ཞིང་། གཅིག་ཏུ་འདུས་པའི་ས་ཁོངས་རང་བཞིན་དང་། ཚད་ལྡན་ཅན་གྱི་ཐོན་འབབ་མཐོ་ལ་ལས་ཆོད་མཐོ་བའི་ལག་རྩལ་མ་དཔེས་འབྲུ་རིགས་ཐོན་སྐྱེད་གཞི་ཁྱོན་ཅན་དང་། འཕྲུལ་ཆས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་མ་ཐེབས་རྒྱུ་དང་། ཞིང་ལས་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག