མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུས་སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱིའི་གསོ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱིའི་གསོ་སྦྱོང་བྱེད་པའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཤུགས་ཆེན་མིན་པ་དང་གསོ་སྦྱོང་ལས་ཁུངས་ལ་གསོན་ཤུགས་འདང་ངེས་མེད་པ་སོགས་ཀྱི་གནད་དོན་སེལ་ཆེད་དུ། སློབ་གསོ་པུས་སྤྱི་ཟླ10བའི་ཚེས8ཉིན་དེའི་དྲ་ཚིགས་ཐོག་ཏུ་སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱིའི་གསོ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་སྤེལ་བ་དང་། བསམ་འཆར་ནང་ཐེངས་དང་པོར་ལོ་ལྔ་ལ་ཐེངས་གཅིག་བྱས་པའི་ཉུང་མཐར་ཡང་སློབ་ཁྲིད་དུས་ཡུན་ཆུ་ཚོད360ལས་མི་ཉུང་བའི་ལས་གནས་ཐོག་ཡོད་པའི་སློབ་སྤྱི་ཡོངས་གསོ་སྦྱོང་བྱེད་རྒྱུའི་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་། གསོ་སྦྱོང་བྱེད་པའི་སློབ་ཁྲིད་དུས་ཡུན་དང་གསོ་སྦྱོང་གི་དཔྱད་ཞིབ་གནས་ཚུལ་དེ་སློབ་སྦྱིའི་དཔྱད་དཔོག་དང་། བསྐོ་སྤྱོད། གོ་གནས་སྤོར་རྒྱུ་བཅས་ཀྱི་དགོས་ངེས་ཀྱི་ཆ་རྐྱེན་དང་རྟེན་གཞི་གལ་ཆེན་དུ་འཛིན་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག