མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྟོན་རིང་རྒྱལ་ཡོངས་ཀྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་དུང་ཕྱུར4.28སྣེ་ལེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2013ལོའི་རྒྱལ་སྟོན་གུང་གསེང་ཉིན་མོའི་ཡུལ་སྐོར་བསྡོམས་རྩིས་སྙན་ཞུ་ལས་མངོན་པར། གུང་གསེང་རིང་རྒྱལ་ཡོངས་སུ་ཁྱོན་ཡུལ་སྐོར་བ་མིའི་ཐེངས་གྲངས་དུང་ཕྱུར4.28ལ་སྣེ་ལེན་བྱས་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2233བྱུང་བ། ཡུལ་སྐོར་བ་ཆ་སྙོམས་མི་རེའི་འགྲོ་གྲོན་སྒོར521ཡིན་པ་རེད། རྒྱལ་སྟོན་གུང་གསེང་རིང་། རྒྱལ་ཡོངས་སུ་ཁྱོན་ཡུལ་སྐོར་བ་མིའི་ཐེངས་གྲངས་དུང་ཕྱུར4.28ལ་སྣེ་ལེན་བྱས་པ་དེ་སྤྱི་ལོ2012ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་ལས0.7%མང་དུ་ཕྱིན་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2233བྱུང་བ་དེ་སྤྱི་ལོ2012ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་སྐབས་ལས6.1%འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག