མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྟོན་དུས་ཆེན་རིང་རང་རྒྱལ་དུ་དོན་རྐྱེན་ཚབས་ཆེ་རིགས་བྱུང་མེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་སྤྱི་ཟླ10བའི་ཚེས8ཉིན་གནས་ཚུལ་སྤེལ་ནས་རྒྱལ་སྟོན་དུས་ཆེན་རིང་རང་རྒྱལ་དུ་དོན་རྐྱེན་ཚབས་ཆེ་རིགས་ཐོན་མེད་པ་དང་། དོན་རྐྱེན་ཚབས་ཆེ་རིགས་ཐོན་ཚད་དེ་དུས་མཚུངས་དང་བསྡུར་ན་གཉིས་ཉུང་དུ་ཕྱིན་པ། དོན་རྐྱེན་ཚབས་ཆེ་རིགས་ནང་མི་སྣ་རྐྱེན་ལམ་ཤོར་ཚད་དུས་མཚུངས་དང་བསྡུར་ན་མི26ཉུང་དུ་ཕྱིན་ཡོད་ཅེས་བཤད་ཡོད་པ་རེད། གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་རྒྱལ་སྟོན་དུས་ཆེན་རིང་། ཁྱོན་དོན་རྐྱེན་ཆེ་རིགས16ཐོན་ཡོད་པ་དང་། མི་སྣ61རྐྱེན་ལམ་དུ་ཤོར་བ། དུས་མཚུངས་དང་བསྡུར་ན་དོན་རྐྱེན9ཉུང་དུ་ཕྱིན་པ་དང་། མི་སྣ་རྐྱེན་ལམ་དུ་ཤོར་བ34ཉུང་དུ་ཕྱིན་ཡོད། དེའི་ནང་རྡོ་སོལ་གཏེར་ཁུངས་དོན་རྐྱེན་ཚབས་ཆེ་རིགས་ཐོན་མེད་པ་དང་དུས་མཚུངས་དང་བསྡུར་ན་དོ་སྙོམས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག