མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡའི་ཙུང་ལིས་ཨ་པོ་ཐི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:24

01.jpg

སྤྱི་ཟླ10བའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་ནས་ཨོ་སི་ཁྲི་ལི་ཡའི་ཙུང་ལིས་ཨ་པོ་ཐི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས6ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་ཨོ་སི་ཁྲི་ལི་ཡའི་ཙུང་ལིས་ཨ་པོ་ཐི་ལ་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་རྒྱལ་ཁབ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་དམ་པོ་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལའང་ཕན་པ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ངོས་ནས་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འབྲེལ་བ་དེ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པ་དང་ཨོ་སི་ཁྲི་ལི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ནས། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འབྲེལ་བ་དེ་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་ལོ་རྒྱུས་དང་རིག་གནས་མི་འདྲ་བ། འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་རྒྱལ་ཁབ་ཀྱི་འཆམ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་གྱི་དཔེ་སྟོན་དུ་འགྱུར་བར་བྱེད་རྒྱུ་ཡིན་ཞེས་གསུངས།

  ཨ་པོ་ཐི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་སྟོབས་དེ་ཉིན་རེ་བཞིན་དར་ཞིང་རྒྱས་བཞིན་ཡོད་པ་དང་། ང་རང་ཉིད་ཀྱིས་སྲིད་འཛིན་པའི་དུས་སྐབས་སུ་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་ཡིད་ཆེས་བྱེད་པ་དང་། ཉོ་འཚོང་དང་མི་གཞུང་། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ་ཀྲུང་གོའི་གྲོགས་པོ་བཟང་བོ་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག