མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:24

1.jpg

  སྤྱི་ཟླ10བའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བར་མ་ཟད། ཕྱོགས་གཉིས་ཀྱི་མགོ་གཙོས་མཛའ་མཐུན་ལྡན་པའི་ངང་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས7ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བར་མ་ཟད། ཕྱོགས་གཉིས་ཀྱི་མགོ་གཙོས་མཛའ་མཐུན་ལྡན་པའི་ངང་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།

  ཞི་ཅིན་ཕེན་གྱིས་བསྟན་དོན། འདི་ནི་ང་ཚོའི་ལོ་གཅིག་རིང་གི་མཇལ་འཕྲད་ཐེངས་ལྔ་བ་ཡིན་པས། དེས་ཕྱོགས་གཉིས་བར་གྱི་ཆུ་ཚད་མཐོ་བ་དང་ཁྱད་པར་ཅན་གྱི་འབྲེལ་བར་བདེན་དཔང་བྱེད་ཐུབ། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ནུས་པ་ལྡན་པའི་སྒོ་ནས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁྱོན་ཡོངས་ནས་སྣེ་ཁྲིད་བྱས་ཏེ། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་སོགས་ཐད་ནས་གྲུབ་འབྲས་རབས་དང་རིམ་པ་བླངས་པར་མ་ཟད། རྒྱལ་སྤྱིའི་ལས་དོན་ཁྲོད་ནས་ཕན་ཚུན་ལ་མཐུན་སྦྱོར་དམ་ཟབ་བྱས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིས་ཀྱི་དུས་བཅད་གྲོས་མོལ་དང་ཀྲུང་གོའི་གནས་སྐོར་ལོའི་མཇུག་བསྡུའི་མཛད་སྒོ་སོགས་བྱ་འགུལ་གལ་ཆེན་ལ་མཉམ་དུ་སྒྲིག་འཛུགས་གང་ལེགས་བྱས་ནས། ཉོ་ཚོང་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ་དང་ནུས་ཁུངས་ཐོན་ཁུངས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མཐོ་གསར་ལག་རྩལ་དང་རྣམ་པ་གསར་བའི་ཐོན་ལས་སོགས་ཁྱབ་ཁོངས་མཉམ་ལས་ཐད་ནས་ཕན་ཚུན་ལ་གཞོགས་འདེགས་གང་ལེགས་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་ནས་མུ་མཐུད་དུ་ཕན་ཚུན་ལ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་ཟབ་བྱེད་དགོས་ཟེར།

  ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་གཉིས་ལ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཁྱབ་ཆེ་བའི་ཐུན་མོང་གི་ཁེ་ཕན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

  ཕུའུ་ཅིན་གྱིས་བསྟན་དོན། དེ་རིང་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཇལ་འཛོམས་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མ་འོངས་པའི་འཕེལ་རྒྱས་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པར་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། མིག་སྔར་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཡོད་ལ། ཕྱོགས་གཉིས་ཀྱི་མགོ་ཁྲིད་པའི་བར་གྱི་འགྲོ་འོང་རྒྱུན་ལྡན་ཡིན་པར་མ་ཟད། དཔལ་འབྱོར་ཉོ་ཚོང་དང་དམག་དོན། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གལ་ཆེ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་མཐུན་སྦྱོར་བཟང་བོ་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག