མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཐེན་ཅིན་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:23

125488340_11n.jpg

    སྤྱི་ཟླ10བའི་ཚེས6ཉིན། ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཐེན་ཅིན་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་སྤྱི་ཟླ10བའི་ཚེས6ཉིན་གྱི་དགོང་མོར་ཐེན་ཅིན་ལུས་རྩལ་ཁང་དུ་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

  ཉིན་དེའི་དགོང་མོའི་དུས་ཚོས་ཉི་ཤུའི་སྟེང་ཐེན་ཅིན་ལུས་རྩལ་ཁང་ནས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་མཚོན་མདངས་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་ཡར་བསྒྲེངས་བ་དང་། ཀྲུང་གོ་དང་ཁྲའོ་ཞན། ཀྲུང་གོའི་ཞང་ཀང་། འཇར་པན། ཧན་གོ། ཀྲུང་གོའི་ཨོ་མིན། མོང་གོལ། ཀྲུང་ཧྭ་ཐེ་པེ་སོགས་རྒྱལ་ཁབ་དང་ས་ཁུལ་དགུ་ནས་ཡོང་བའི་འགྲན་ཞུགས་འཐུས་ཚབ་ཚོགས་པ་རིམ་པ་བཞིན་ཚོགས་རར་ཕེབས། སྐབས་འདིའི་ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ལ་ཀྲུང་གོའི་འཐུས་ཚབ་ཚོགས་པས་བསྡོམས་པས་ལུས་རྩལ་པ་ལྔ་བརྒྱ་དང་བཅུ་དྲུག་མངགས་པ་དང་འགྲན་བསྡུར་རྣམ་གྲངས་ཉེར་བཞི་ལ་ཞུགས་བཞིན་ཡོད།

  ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཧོང་ཞིན་གོ་ཡིས་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་བ་དང་ཨེ་ཤ་ཡ་ཤར་ལྷོའི་ལུས་རྩལ་འགྲན་ཚོགས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོ་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལིག་ཕིན་གྱིས་ཤིས་ཚིག་ཕུལ།

  མཇུག་མཐར་དུས་ཚོད་སྐར་མ་བཞི་བཅུའི་རིང་ལ་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་དང་། རིག་རྩལ་འཁྲབ་སྟོན་དེ་སྤྲོ་སྐྱིད་ཀྱི་ལོ་ཟླ་དང་འཆམ་མཐུན་གྱི་དབྱངས་རྟ། མཆོངས་བསྐྱོད་ཀྱི་ཕུགས་འདུན་བཅས་ཁག་གསུམ་དུ་བགོས་ཡོད་ལ་འཁྲབ་སྟོན་བྱས་པའི་རིག་རྩལ་ལེ་ཚན་རེ་རེ་ལ་ཐེན་ཅིན་གྱི་རྣམ་པ་མཚོན་ཞིང་ཀྲུང་གོའི་ཁྱད་ཆོས་ལྡན་པས་ལྟད་མོ་བ་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་འདུག   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག