མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཟུར་གཏོགས་སློབ་འབྲིང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་སྐབས་ཞི་ཅིན་ཕེན་གྱིས་སློབ་མ་རྣམས་ལ་འཕྲིན་ལན་སྐུར་ནས་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཟུར་གཏོགས་སློབ་འབྲིང་གི་སློབ་མ་ཡོངས་ལ་འཕྲིན་ལན་སྐུར་ཏེ་སློབ་གྲྭ་བཙུགས་ནས་ལོ་འཁོར100ལོན་པའི་ཐད་ནས་སློབ་མ་དང་དགེ་རྒན། ལས་བཟོ་བ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་དེའི་ཐད་ལ་མཆན་བཀོད་མཛུབ་སྟོན་གནང་།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཟུར་གཏོགས་སློབ་འབྲིང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་སྔོན་ཏག་ཏག་ལ། སློབ་གྲྭ་དེའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཉེར་བཞི་ནས་ཡོང་བའི་གྲངས་ཉུང་མི་རིགས་ལྔ་བཅུའི་སློབ་མ་སྟོང་གཅིག་དང་བརྒྱད་བརྒྱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འཕྲིན་ཡིག་སྐུར་ཏེ། ཁོ་ཚོས་རྒྱལ་ས་པེ་ཅིན་ནས་སློབ་སྦྱོང་བྱས་པ་དང་འཚོ་བའི་གནས་ཚུལ་ཡར་ཞུ་བྱས། ཞི་ཅིན་ཕེན་གྱིས་འཕྲིན་ལན་ནང་དུ་གསུངས་རྒྱུར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཟུར་གཏོགས་སློབ་འབྲིང་ནི་རྒྱལ་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་སོ་སོ་ལ་ཁ་ཕྱོགས་ནས་བསྡུ་བའི་མི་རིགས་སློབ་འབྲིང་གཅིག་པུ་ཡིན་ལ། སློབ་གྲྭ་དེ་བཙུགས་རྗེས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་བྱས་པ་དང་། ཁོ་ཚོས་འཐབ་ཕྱོགས་སོ་སོ་ནས་མི་དམངས་བཅིངས་འགྲོལ་དང་རྒྱལ་ཁབ་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག ཕྱིན་ཆད་ཀྱང་མུ་མཐུད་དུ་སློབ་གྲྭའི་གཟི་བརྗིད་སྲོལ་རྒྱུན་འཁྱོངས་དང་མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་དར་སྤེལ་བྱས་ནས། མི་རིགས་མཐུན་སྒྲིག་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐད་ལ་བྱས་རྗེས་འཇོག་དགོས་ཟེར།

ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་ནང་གསུངས་རྒྱུར། སློབ་མ་རྣམས་ཀྱིས་མུ་མཐུད་དུ་རྒྱལ་གཅེས་དང་མཐུན་སྒྲིལ། བྱས་རྗེས་འཇོག་པ་བཅས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བྱེད་པ་དང་མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་འགན་འཁྲི་ལྗིད་མོ་དང་ལེན་བྱེད་ཐུབ་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག