མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྕགས་ལམ་གྱི་ཟོག་འདྲེན་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-08 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱས་པར། ལྕགས་ལམ་སྡེ་ཁག་གིས་སྤྱི་ཟླ6པའི་ཚེས15ཉིན་ཟོག་འདྲེན་སྒྲིག་འཛུགས་སྒྱུར་བཅོས་བྱས་ཚུན་དུ་ལས་དོན་ཁག་འཕེལ་ཚུལ་བདེ་བླག་བྱུང་ཡོད་པ་དང་སྒྱུར་བཅོས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ། ཟོག་འདྲེན་བྱེད་ཚད་རྒྱུན་མཐུད་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།

སྤྱི་ཟླ7པར། རྒྱལ་ཁབ་ཀྱི་ལྕགས་ལམ་ཐོག་ཟོག་འདྲེན་བྱེད་ཚད་ལོ་སྟོད་ཀྱི་དུས་མཚུངས་དང་བསྡུར་ན་ཆག་འགྲོ་བའི་གནས་བབ་ལ་འགྱུར་བ་བྱུང་ཡོད་པ་དང་སྤྱི་ཟླ8པ་དང9པར་ཟོག་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་ཚུལ་རྒྱུན་མཐུད་ཐུབ་ཡོད་པ་རེད། ནམ་དུས་གསུམ་པར་ལྕགས་ལམ་ཧྲིལ་པོས་ཟོག་འདྲེན་བྱེད་ཚད་ཉིན་རེར་ཆ་སྙོམས་ཏུན་ས་ཡ8.65ལེགས་གྲུབ་བྱས་པ་དང་དུས་མཚུངས་ལས4.8%འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག