མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ལྕགས་ལམ་གྱིས་རྒྱལ་སྟོན་གུང་གསེང་རིང་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ས་ཡ8ལས་བརྒལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-08 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ10བའི་ཚེས6ཉིན་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱས་པར། སྤྱི་ཟླ9བའི་ཚེས28ཉིན་ནས་སྤྱི་ཟླ10བའི་ཚེས5ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་བྱེ་བ6.5ཟིན་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བསྐྲུན་ཡོད་པ་རེད།

སྤྱི་ཟླ9ཚེས28ཉིན་ནས་སྤྱི་ཟླ10ཚེས4ཉིན་བར་ལྕགས་ལམ་ཐོག་འགྲུལ་བཞུད་བྱེད་ཚད་མི་ས་ཡ8ཡན་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད་པ་དང་དེའི་ནང་སྤྱི་ཟླ10བའི་ཚེས1ཉིན་གྱི་རྒྱལ་སྟོན་ཉིན་དང་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བྱེ་བ1.327ཟིན་ཞིང་དེ་ནི་ལྕགས་ལམ་ཐོག་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བྱེ་བ1ཟིན་པའི་འགག་སྒོ་ལས་འགྲོལ་ཐེངས་དང་པོ་ཡིན་པ་དང་དུས་བཟང་གཟའ་འཁོར་གྱི་མཐའ་མའི་ཉིན་གཉིས་པར་རྒྱལ་ཡོངས་སུ་ལྕགས་ལམ་ཐོག་འགྲུལ་པ་ཕྱིར་ལོག་བྱེད་པའི་མཐོ་རླབས་ཤིག་འཕྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག