མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་འགོ་གཙོའི་གྲོས་ཚོགས་སྐོང་འཚོགས་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-08 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2013ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་འགོ་གཙོའི་གྲོས་ཚོགས་སྤྱི་ཟླ10བའི་ཚེས6ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ཚོགས་འགོ་ཚུགས་པ་དང་སྐབས་འདིའི་བཟོ་ཚོང་འགོ་ཁྲིད་པའི་འགོ་གཙོའི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་གསོན་ཤུགས་ཀྱི་ཁེངས་པ་དང་འཕར་སྣོན་འགྲོ་བའི་ཕྱོགས་སུ་སྐྱོད་པ་ཞེས་པ་དེ་ཡིན་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་དཔལ་འབྱོར་མ་ལག་ཁག་གིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ཡོང་བ་བྱེད་པའི་འགྲོ་ལམ་ཐོག་གཙོ་གནད་དུ་འཛམ་གླིང་ཡོངས་ཀྱི་བཟོ་ཚོང་ལས་རིགས་ཀྱི་གལ་ཆེའི་རང་བཞིན་ལ་དོ་ཁུར་བྱེད་པ་མ་ཟད་ཁོག་ཡངས་རང་བཞིན་གྱི་རྒྱུན་མཐུད་གོང་འཕེལ་ཡོང་བ་བྱེད་པའི་ཐད་འབད་བརྩོན་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།

སྐབས་འདིའི་བཟོ་ཚོང་འགོ་ཁྲིད་པའི་འགོ་གཙོའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་མིའི་འགོ་ཁྲིད་པ་དང་བཟོ་ཚོང་ཁེ་ལས་ཀྱི་འཐུས་མི1200གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་འགོ་གཙོའི་གྲོས་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་ཞུགས་རྒྱུ་མ་ཟད་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག