མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་ཐུག་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:08

000.jpg

    སྤྱི་ཟླ10བའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས་པར་སོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་ཐུག་འཕྲད་གནང་།  

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས6ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས་པར་སོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་ཐུག་འཕྲད་གནང་།

     ལིང་ཀྲིན་དབྱིན་གྱིས་ཞི་ཅིན་ཕེན་ལ་ཉེ་ལམ་ཞང་ཀང་གི་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཞང་ཀང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། སྡོད་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བའི་ཐད་བསྒྲུབས་པའི་བྱ་བ་ཡར་ཞུ་བྱས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་ཞང་ཀང་ལ་ཐུགས་ཁུར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།

     ཞི་ཅིན་ཕེན་གྱིས་ལིང་ཀྲིན་དབྱིན་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་དབྱང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་དུ་ཞང་ཀང་གི་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་གཏོིང་བ་དང་། སྤྱི་ཚོགས་བརྟན་འཇགས་ཡོང་བར་རོགས་སྐྱོར་བྱེད་རྒྱུ་ཡིན་པས། དམགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་ཁྲིམས་ལྟར་སྲིད་སྐྱོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་པའི་རེ་བ་བཏོན།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སང་ལོར་རང་རྒྱལ་གྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྩ་འཛུགས་ཀྱི་གྲོས་ཚོགས་གཙོ་སྒྲུབ་བྱེད་རྒྱུ་ཡིན་ལ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྩ་འཛུགས་ཀྱི་ནོར་སྲིད་དཔོན་པོའི་གྲོས་ཚོགས་ཀྱི་སྒྲུབ་འགན་ཁུར་རྒྱུ་ཡིན་པས། ཀྲུང་དབྱང་སྲིད་གཞུང་གིས་དེའི་ཐད་ནས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་འབྲེལ་འདྲིས་དང་གཞོགས་འདེགས་བྱེད་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག