མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་ནས་ནུའེ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:08

117604972_21n.jpg

སྤྱི་ཟླ10བའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་ནས་ནུའེ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་མཇལ་འཕྲད་གནང་།  

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས6ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་ནས་ནུའེ་ཙི་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ནུའེ་ཙི་ལན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ནུའེ་ཙི་ལན་ཕྱོགས་དང་མཉམ་དུ་བསམ་ཕྱོགས་གསར་སྐྲུན་དང་སྦས་ཤུགས་སྔོག་འདོན་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཕྱུགས་ལས། ཁོར་ཡུག་སྲུང་སྐྱོབ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཧུར་ཐག་སྒོས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཁྱབ་ཁོངས་མཉམ་ལས་ལ་འཚོལ་ཞིབ་བྱེད་པ་དང་། ཚན་རྩལ་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བར་མ་ཟད། ཏོ་ཧ་མཉམ་ལས་ཉོ་ཚོང་གྲོས་མོལ་དང་ནམ་ཟླའི་འགྱུར་ལྡོག ས་གནས་མཉམ་ལས་ནང་རྐྱེན་སོགས་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱས་ནས། ཀྲུང་གོ་དང་ནུའེ་ཙི་ལན་བར་གྱི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་འདོད་ཡོད་ཟེར།

  ཡོ་ཧན་ཅི་ཡིས་བཤད་རྒྱུར། ནུའེ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་པར་བརྩོན་ལེན་བྱེད་ངེས་ཡིན། ནུའེ་ཙི་ལན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁྲོད་དུ་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་དགོས་པ་དང་། ཀྲུང་གོས་སང་ལོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་གཙོ་བསྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག