མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་གྲོང་ཁྱེར་དང་རྫོང་འཛུགས་སྐྲུན་བྱེད་པའི་གདེང་འཇོག་ཚད་གཞིའི་འགྲེལ་བཤད་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-07 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་ཡིག་ཆ་གཤམ་སྤེལ་བྱས་ནས། འཁོར་རྒྱུག་དཔལ་འབྱོར་གྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་འཛུགས་སྐྲུན་བྱེད་པའི་གདེང་འཇོག་ནང་དོན་ཚོད་ལྟ་དང་དེ་བཞིན་དེའི་ཚད་གཞི་ཁ་གསལ་བཏོན་ཡོད་པ་དང་། སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་དང་། ཐོན་ཁུངས་ཐོན་སྐྱེད་ཆུ་ཚད། གྲངས་འབོར་ཉུང་གཏོང་། བེད་སྤྱོད་བསྐྱར་མ། ཐོན་ཁུངས་ཅན། སྦགས་བཙོག་ཉུང་གཏོང་། དེ་བཞིན་ཕན་འབྲས། རྨང་གཞིའི་སྒྲིག་བཀོད་དང་སྐྱེ་ཁམས་ཁོར་ཡུག སྦགས་མེད་འཛད་སྤྱོད། འཁོར་རྒྱུག་རིག་གནས། འགན་སྲུང་ཆ་རྐྱེན་སོགས་དང་འབྲེལ་བ་ཡོད་པ་རེད།

གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་གདེང་འཇོག་ནང་དོན་དེ་ཁྱོན་འཛུགས་སྐྲུན་གདེང་འཇོག་སྣ་རིགས41དང་། ཞིབ་ཕྲའི་འཛུགས་སྐྲུན་གདེང་འཇོག་ནང་དོན67ལ་དབྱེ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག