མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲི་ལིའི་ཙུང་ཐུང་ཕིས་ཉེ་ལ་དང་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:07

00.jpg

  སྤྱི་ཟླ10བའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་ནས་ཀྲི་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་ཕིས་ཉེ་ལ་དང་མཇལ་འཕྲད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས6ཉིན་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་ནས་ཀྲི་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་ཕིས་ཉེ་ལ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོའི་བར་གྱི་འབྲེལ་བའི་ཕྱོགས་ནས་ཀྲི་ལི་ལ་ཏིན་མེ་གླིང་རྒྱལ་ཁབ་ཀྱི་མདུན་གྲས་སུ་བསླེབས་ཡོད། ཀྲུང་གོ་དང་ཀྲི་ལི་བར་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཡོད་ལ། ཕྱོགས་གཉིས་བར་རང་མོས་ཉོ་ཚོང་ས་ཁུལ་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད། རྒྱལ་ཁབ་གཉིས་བར་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན་པས། དེ་ཀྲུང་གོ་དང་ལ་ཏིན་མེ་གླིང་རྒྱལ་ཁབ་བར་གྱི་གཉིས་ཕན་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་མིག་དཔེ་ལྟ་བུར་གྱུར་ཡོད་ཟེར།   

  ཞི་ཅིན་ཕེན་གྱིས་ཕྱོགས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་འདི་ལྟར་བཏོན་པ་སྟེ། གཅིག་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། གཅིག་གྱུར་སྒོས་འཆར་འགོད་བྱེད་པར་ཤུགས་སྣོན་དགོས་པ་དང་། གཉིས་ནས་ཀྲུང་གོ་དང་ཀྲི་ལི་གཉིས་ཀྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས། གསུམ་ནས་ཚན་རྩལ་དང་ཐོན་ཁུངས། དངུལ་བསྡུ་བཅས་ཀྱི་ཁ་གསབ་ཁྱད་སྟོབས་འདོན་སྤེལ་བྱེད་དགོས། བཞི་ནས་མི་གཞུང་བརྗེ་རེས་བྱེད་པར་སྐུལ་མ་གཏོང་དགོས། ལྔ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འབྲེལ་འདྲིས་དང་གཞོགས་འདེགས་ལ་ཤུགས་སྣོན་དགོས་ཟེར།

  ཕེ་ཉེ་ལ་ཡིས་བཤད་རྒྱུར། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིན་མེ་གླིང་བར་མཉམ་ལས་གླེང་སྟེགས་འཛུགས་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། ལ་ཏིན་མེ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་འབྲེལ་དང་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག