མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་བརྗེད་ཐོ་བཀོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-07 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་ལས་རིགས་ཀྱིས་མི་དམངས་མང་ཚོགས་དང་བར་ཐག་ཉེ་ཤོས་དང་། མི་དམངས་མང་ཚོགས་ལ་ཞབས་ཞུ་ཐད་ཀར་ཡིན་ཤོས་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། ཞབས་ཞུའི་རྣམ་པའི་ལས་ཁུངས་འཛུགས་སྐྲུན་བྱ་རྒྱུ་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། སློབ་གསོ་ལག་ལེན་བྱེད་སྒོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་སྐབས་དམངས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ་རྒྱུའི་བརྗོད་དོན་གཙོ་བོར་དམ་པོར་གཞིགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བསམ་འཆར་ཉན་པ་དང་། གནད་དོན་རྩད་ཞིབ་བྱེད་ཀྱི་ཡོད། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཏུང་ཙུའུ་ཡི་ཧྲུའུ་ཅི། ཅུས་ཀྲང་ཧྲའོ་ཆི་ཝེ་ཡིས། རྒྱལ་ཁབ་ཡུལ་སྐོར་ཅུས་ནི་ཞབས་ཞུའི་ཚན་པ་ཞིག་ཡིན་ལ། སྒེའུ་ཁུང་ལྟ་བུའི་ཚན་པ་ཞིག་ཀྱང་ཡིན་པས། མང་ཚོགས་དང་བར་ཐག་ཉེ་བ་དང་། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་མང་པོ་ཡོད་པས། སློབ་གསོ་ལག་ལེན་བྱེད་སྒོ་འགོ་ཚུགས་མ་ཐག ཅུས་ཏང་ཙུའུ་ཡིས་ཞབས་ཞུའི་རྣམ་པའི་ལས་ཁུངས་འཛུགས་རྒྱུ་དེ་བྱེད་སྒོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཞི་འཛིན་སར་རྩིས་ཏེ། སློབ་སྦྱོང་བྱེད་བཞིན་དུ་འགྱུར་བ་བཏང་བ་དང་། ལག་བསྟར་བྱེད་བཞིན་དུ་ལེགས་བཅོས་བཏང་ཡོད། ཡུལ་སྐོར་དུས་ཆེན་མང་དྲགས་པའི་གནད་དོན་ལ་དམིགས་ནས། སྤྱིར་བཏང་ཐོག་ཞིང་ལྗོངས་དང་གྲོང་ཁྱེར་སྲིད་གཞུང་བར་མཉམ་འབྲེལ་ཐོག་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་མི་སྤེལ་རྒྱུའི་གཏན་འབེབས་བྱས་པ་དང་། ཀྲུང་གོའི་རྒྱལ་ནང་གི་ཡུལ་སྐོར་ཉོ་ཚོང་ཚོགས་འདུ་དང་ཀྲུང་གོ་དང་ཨུ་རུ་སུའི་ཡུལ་སྐོར་སློབ་གསོའི་གླེང་སྟེགས་མེད་པ་བཟོ་བ། མིག་སྔར་ཅུས་ཀྱི་མིང་ཐོག་ནས་གཉེར་བའི་ཡུལ་སྐོར་དུས་ཆེན་བྱེད་སྒོ་ཁག21ཉུང་དུ་བཏང་ཡོད་ཅེས་གསུངས་འདུག

ཡིག་ཆ་དང་དཔྱད་ཡིག་རི་ལྟར་སྤུངས་པ་དང་ཚོགས་འདུ་ཆེ་ཆུང་གྲངས་ལས་འདས་པའི་གནད་དོན་ལ་དམིགས་ནས། གཤམ་སྤེལ་བྱེད་ཀྱང་ཆོག་ལ་མི་བྱེད་ཀྱང་ཆོག་པའི་ཡིག་ཆ་ཡིན་ཚེ་གཤམ་སྤེལ་མི་བྱེད་པ་དང་། སི་དང་ཁང་ཁག་གིས་ལོ་ལྟར་འཚོགས་པའི་རྒྱལ་ཡོངས་རང་བཞིན་གྱི་གྲོས་ཚོགས་རྩ་དོན་ཐོག་ཐེངས་གཅིག་ལས་མི་བརྒལ་བ། གོང་ཞུ་བྱེད་པའི་གནས་ཚུལ་གནད་ཞུ་རིགས་གཅིག་ལས་མི་ཉར་བ་བཅས་བྱ་རྒྱུ་དང་།

བྱེད་སྒོ་ཆེ་གྲས་ནང་དང་དོད་དང་རྒྱས་སྤྲོས་འཕྲོ་བརླག་གཏོང་བའི་གནད་དོན་ལ་དམིགས་ནས། སླད་ཕྱིན་གྲོས་ཚོགས་འཚོགས་སྐབས་ཚང་མ་རང་འདེམས་ཁ་ལག་གཏོང་རྒྱུ་དང་། སྣེ་ལེན་གསོལ་སྟོན་དང་འགོ་ཚུགས་མཛད་སྒོ་སོགས་མི་གཉེར་རྒྱུ།

ཡུལ་སྐོར་བས་ལན་ཆ་དྲག་པོ་བྱེད་པའི་ཡུལ་སྐོར་རྒྱུད་རིམ་ནང་ཡུལ་སྐོར་བར་མགོ་སྐོར་གཏོང་བ་དང་ཡུལ་སྐོར་བར་ཁྲིམས་འགལ་བྱ་ཐབས་ཐོག་ནས་འཛད་སྤྱོད་བྱེད་ཏུ་བཅུག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཡུལ་སྐོར་བཅའ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་གོ་སྐབས་སུ་བརྩིས་ཏེ། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་གཟའ་འཁོར་སྔ་རྗེས་སུ་ཟླ་བ་གཅིག་གི་རིང་མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱས་ཏེ། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

སྤྱི་ཚོགས་ཐོག་ལན་ཆ་དྲག་པོ་བྱས་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཤེས་དཔལ་ཡུལ་སྐོར་བྱང་ཚད་གནད་དོན་ལ་དམིགས་ནས། ཤེས་དཔལ་ཡུལ་སྐོར་དྲིལ་བསྒྲགས་ཁྲིད་སྟོན་སོགས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་ཆབས་ཅིག ཡུལ་སྐོར་ལས་ཀ་བྱེད་མཁན་མི་སྣའི་ལས་རིགས་བྱང་ཚད་གནད་དོན་ལ་དམིགས་ནས་ལས་རིགས་ཡོངས་སུ་སྒྲིག་འཛུགས་བྱས་ཏེ་ལྟེ་བའི་རིན་ཐང་ལྟ་བའི་གྲོས་བསྡུར་ཆེན་མོ་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།

ཧྲའོ་ཆི་ཝེ་ཡིས། ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱེད་ཆེད། ཞབས་ཞུའི་རྣམ་པའི་ལས་ཁུངས་འཛུགས་རྒྱུར་གཞིགས་པ་དང་། ས་གནས་ལ་དབང་ཆ་སྤྲོད་པ། མཐུན་ཚོགས་ལ་དབང་ཆ་སྤྲོད་པ། ཁྲོམ་རར་དབང་ཆ་སྤྲོད་པ་བཅས་བྱས་ཏེ། དངོས་སུ་དོ་དམ་བྱེད་དགོས་པ་རྣམས་དོ་དམ་ཡག་པོ་ཐུབ་པ་དང་། དོ་དམ་བྱེད་མི་དགོས་པ་རྣམས་ལ་ཐེ་ཇུས་མི་བྱེད་པ་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག