མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀོང་ཞི་རུ་དངོས་སུ་དག་ཐེར་བཅོས་སྒྲིག་བྱེད་པའི་རྣམ་པ་གསར་པས་ཁེངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-07 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་དུ། ཀོང་ཞི་ནས་སྤྱོད་ཚུལ་ངན་པ་བཞིར་དམིགས་ནས། མང་ཚོགས་ཆེད་དུ་ཡིན་པ་འབུར་དུ་ཐོན་པ་དང་། གནད་དོན་དམ་པོར་བཟུང་བ། དངོས་སུ་དག་ཐེར་བཅོས་སྒྲིག་བཅས་བྱས་པས་སློབ་གསོ་བྱེད་སྒོའི་འཕེལ་རིམ་ཡག་པོ་ཡོད་པ་དང་། རྣམ་པ་གསར་པས་ཁེངས་ཡོད་པ་རེད།

སྤྱོད་ཚུལ་ངན་པ་བཞི་དག་ཐེར་བཅོས་སྒྲིག་བྱེད་པའི་འགག་རྩ་དེ་འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུར་རགས་ལས་ཡོད་པ་རེད། ལྗོངས་དེ་ཡོངས་ཀྱི་བྱ་གཞག་ཁག་གི་འགོ་ཁྲིད་སྲོག་ཤིང་ཡིན་པའི་ངོས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཚན་པའི་རྣམ་འགྱུར་སེམས་ཐག་གཙང་བཅད་ཡིན་པ་སྟེ། ཏང་ཡོན་གྱིས་བྱེད་དགོས་པའི་བླང་བྱ་བཏོན་པ་རྣམས་རྒྱུན་ལས་ཨུ་ཡོན་ཚན་པས་སྣེ་ཁྲིད་ནས་བྱེད་ཐུབ་པ་བྱེད་དགོས་པ་དང་། ཏང་ཡོན་ལས་བྱེད་པ་ཞུགས་དགོས་པའི་བླང་བྱ་བཏོན་པ་རྣམས་རྒྱུན་ལས་ཨུ་ཡོན་ཚན་པས་སྣེ་ཁྲིད་ནས་ཞུགས་དགོས་པ། ཏང་ཡོན་ལས་བྱེད་པར་དག་ཐེར་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རྣམས་རྒྱུན་ལས་ཨུ་ཡོན་ཚན་པས་སྣེ་ཁྲིད་ནས་དག་ཐེར་བཅོས་སྒྲིག་བྱེད་དགོས་པའི་ཆོད་ཆེམས་བཏོན་ཡོད་པ་རེད།

སྒོ་མོ་ཕྱེས་ནས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་། སྒོ་མོ་ཕྱེས་ནས་སྤྱོད་ཚུལ་ལེགས་བཅོས་བྱས་ཡོད་པ་རེད། རང་སྐྱོང་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རྣམས་སྔ་རྗེས་སུ་གྲོང་ཁྱེར14དང་། རྫོང11 ཤང་གྲོང11 ལྗོངས་ཐད་གཏོགས་སྡེ་ཁག10བཅས་སུ་བསྐྱོད་ནས་བསམ་འཆར་ཉན་ཡོད་པ་རེད། དེ་དང་དུས་མཚུངས་སུ་གློག་རྡུལ་ཡིག་སྒམ་འཛུགས་པ་དང་། ཐེར་འདོན་ཁ་པར་འཛུགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་ཐོག་གི་བསམ་འཆར་བསྡུ་ལེན་བྱས་ཡོད་པ་རེད། བསམ་འཆར་བསྡུ་ལེན་དང་སྙིང་གཏམ་བཤད་རེས་བྱེད་པ་སོགས་ཀྱི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ནན་ཏན་ངང་རང་ཉིད་ཀྱི་གནད་དོན་ཞིབ་དཔྱོད་བྱེད་པ་དང་། བསམ་བློའི་འབྱུང་རྩ་སྔོག་པ། ཞིབ་བསྡུར་སྐྱོན་བཤེར་གྱི་ཡིག་ཆ་འབྲི་བ་བཅས་བྱས་ཡོད་པ་རེད།

གནད་དོན་ཐག་གཅོད་བྱེད་རྒྱུ་ནི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་འཛུགས་ས་དང་མཇུག་བསྡུ་ས་ཡིན། ཀོང་ཞི་ནས་མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པའི་བྱ་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་དོད་དྲག་ཆེ་ཤོས་ཀྱི་བྱ་བ་སྒྲུབ་རྒྱུ་དང་། མང་ཚོགས་ཀྱི་བསམ་འཆར་ཆེ་ཤོས་ཀྱི་བྱ་བ་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ལེགས་བཅོས་གཏོང་ཐུབ་པ་སྔོན་ལ་ལེགས་བཅོས་བྱེད་པ་དང་། བྱེད་ཐུབ་པའི་བྱ་བ་སྔོན་ལ་བྱེད་པའི་རྩ་དོན་ལྟར་དོན་དངོས་ཀྱི་ཕན་ནུས་ཐོག་ནས་མང་ཚོགས་ཀྱིས་ཡིད་ཆེས་ཐུབ་པ་བྱས་ཡོད་པ་རེད། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གནད་དོན་ལ་དམིགས་ནས། ལྗོངས་དེ་ཡོངས་སུ་མཛེས་པའི་ཀོང་ཞི། དྭངས་གཙང་གི་ཤང་གྲོང་ཞེས་པའི་བྱེད་སྒོ་སྤེལ་ཞིང་། ལས་བྱེད་པ་བརྒྱད་ཁྲི་ལྷག་ཙམ་སྒྲིག་གཞི་ཡོད་པའི་གྲོང་ཚོ་ཆིག་ཁྲི་བཞི་སྟོང་ལྷག་ཙམ་ལ་བཏང་ནས་འགན་གཙང་མཛུབ་ཁྲིད་བྱེད་དུ་བཅུག་པ་དང་། ཞིང་པ་མང་ཚོགས་སྒྲིག་འཛུགས་བྱས་ནས་ཁྱིམ་གཞིས་གཙང་སྦྲ་དང་། ཆུ་འགོ་གཙང་སྦྲ། ཞིང་ཁ་གཙང་སྦྲ་བཅས་བྱས་ཡོད་པ་རེད། ལྗོངས་དེ་ཡོངས་སུ་ཞིང་པ་ལས་མིར་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་ཡོད་ཅིང་། ལོ་འདིའི་ནང་ཁྱོན་ཞིང་པ་ལས་མིར་གླ་ཕོགས་སྒོར་དུང་ཕྱུར་བཞི་ཙམ་རྗེས་འདེད་ལེན་རོགས་བྱས་པ་དང་། མི་ས་ཡ་གཅིག་དང་ཉིས་ཁྲི་ལྔ་སྟོང་ཉིས་བརྒྱར་གླ་རིན་མི་དགོས་པའི་སྤྱི་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། ལྗོངས་དེ་ཡོངས་སུ་ཁེ་ལས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་ཡོད་ཅིང་། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། སྲིད་འཛིན་བྱ་བཞག་རང་བཞིན་གྱི་འགྲོ་གྲོན་བསྡུ་བ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་རྣམ་གྲངས་ཁག་གཅིག་མི་དགོས་པ་བཟོས་པ། གླ་རིན་གང་བྱུང་བསྡུ་བ་དང་། ཆ་གསེས་གང་བྱུང་བྱེད་པ། རོགས་དངུལ་ལེན་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཡོད་པ་རེད།

ལམ་ལུགས་འཛུགས་སྐྱོང་ནི་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་དངོས་ཐོན་པའི་རྩ་བའི་རང་བཞིན་གྱི་བྱ་ཐབས་ཤིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འབེབས་ཡིག་ཆ་བཏོན་ནས། རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ཏང་གི་ཆབ་སྲིད་སྒྲིག་ལམ་དང་། གཞུང་དོན་སྣེ་ལེན། གཞུང་གི་རླངས་འཁོར་བཀོད་སྒྲིག གཞུང་ལས་ཁང་པ་བེད་སྤྱོད། མི་སྒེར་གྱི་སྡོད་ཁང་། ལས་བྱེད་པ་གདམ་གསེས་བཀོལ་སྤྱོད་སོགས་ཀྱི་ཐད་གཏན་འབེབས་ནན་པོ་བཟོས་ཡོད་པ་རེད། སྡེ་ཁག་ཁག་དང་སྡེ་ཚན་ཁག་གིས་ཕན་ནུས་ཡུན་རིང་ཐོན་པའི་སྒྲིག་གཞི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། འབྲེལ་ཡོད་ལམ་ལུགས་རྣམ་གྲངས975ཞིབ་གསེད་བྱས་ཤིང་། སློབ་གསོ་ལག་ལེན་བྱེད་སྒོ་རྣམ་པ་ཙམ་དུ་མི་འགྱུར་བར་འགན་ལེན་བྱེད་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག