མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མ་ལེ་ཞི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་མ་ཧཱ་ཏུས་ཨེར་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:05

01.jpg

 སྤྱི་ཟླ10བའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཅི་ལུང་ཕོ་ནས་མ་ལེ་ཞི་ཡའི་སྔོན་ཆད་ཀྱི་ཙུང་ལི་མ་ཧཱ་ཏུས་ཨེར་དང་གྲོས་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས5ཉིན་ཅི་ལུང་ཕོ་ནས་མ་ལེ་ཞི་ཡའི་སྔོན་ཆད་ཀྱི་ཙུང་ལི་མ་ཧཱ་ཏུས་ཨེར་དང་གྲོས་མོལ་མཛད།

  ཞི་ཅིན་ཕེན་གྱིས་མ་ཧཱ་ཏུས་ཨེར་གྱིས་ལོ་མང་པོའི་རིང་ལ་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་མཉམ་ལས་ལ་ཡར་སྐུལ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་པར་བསྔགས་བརྗོད་མཛད། ཞི་ཅིན་ཕེན་གྱིས་བསྟན་དོན། ལོ600ཡི་སྔོན་ལ། ཀྲུང་གོའི་མཚོ་ཐོག་འགྲུལ་བཞུད་པ་ཀྲིན་ཧི་ཐེངས་བདུན་ལ་རྒྱ་མཚོར་བསྐྱོད་པ་དང་། ཐེངས་བདུན་ལ་མ་ལིག་ཅ་རུ་བསྡད་པ་དེ་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་འགྲོ་འོངས་ལོ་རྒྱུས་སྟེང་གི་གཏམ་བཟང་ཞིག་ཏུ་གྱུར་ཡོད། ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་འཕེལ་རྒྱས་ཀྱི་མལ་དུ་བསྐྱོད་རྒྱུ་དང་། མ་ལེ་ཞི་ཡའི་བར་གྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་ཇེ་ལེགས་སུ་གཏོང་བར་བརྩོན་ལེན་བྱེད་རྒྱུ་ཡིན། ཀྲུང་གོས་ད་ལྟ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་ཀྱིན་ཡོད་ལ། མ་ལེ་ཞི་ཡ་རྒྱལ་ཁབ་ཀྱང2020ལོའི་མོས་འདུན་ཆེན་པོ་མངོན་འགྱུར་བྱེད་པའི་ཕྱོགས་སུ་བསྐྱོད་ཀྱིན་ཡོད། རྒྱལ་ཁབ་གཉིསཀར་ཐུན་མོང་གི་ཁེ་ཕན་ཆེན་པོ་དང་། འདྲ་མཚུངས་ཀྱི་འཕེལ་རྒྱས་བརྒྱུད་རིམ། གཉིས་ཕན་མཉམ་ལས་ཀྱི་མདུན་ལམ་ཡངས་པོ་བཅས་ལྡན་པས། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་བར་འགྲོ་འོངས་དང་མཉམ་ལས་བྱེད་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན།  །

མ་ཧཱ་ཏུས་ཨེར་གྱིས་མ་ལེ་ཞི་ཡའི་ཉོ་ཚོང་ལས་རིགས་ཀྱིས་ཀྲིན་ཧི་མཐུན་ཚོགས་ཞེས་པ་འཛུགས་པར་གྲ་སྒྲིག་བྱེད་ཀྱིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཕྱོགས་གཉི་ཀའི་ཉོ་ཚོང་དང་ཕན་ཚུན་མ་དངུལ་གཏོང་བར་ཡར་སྐུལ་གཏོང་བའི་ཆེད་དུ་ཡིན་ལ། ངས་ཀྱང་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་གོང་དུ་སྤེལ་བར་མུ་མཐུད་དུ་རང་ནུས་གང་ཡོད་འདོན་རྒྱུ་ཡིན་ཟེར།

ཝང་ཧུའུ་ཉིན་དང་། ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་གོང་གི་གྲོས་མོལ་ལ་ཞུགས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག