མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དུས་ཚོད་ཕྱེད་ཀ་ལྷག་འདས་ཟིན་པ་དང་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བརྟན་རླང་དུ་འགྲོ་བཞིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-06 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དུས་ཚོད་ཕྱེད་ཀ་ལྷག་འདས་ཟིན་པ་དང་། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གནས་བབ་བརྟན་དུ་འགྲོ་བཞིན་ཡོད་ཅིང་། འགྲོ་འོང་གནས་ཚུལ་གཞི་རྩའི་ཆ་ནས་རྒྱུན་ལྡན་བཞིན་ཡོད། འོན་ཀྱང་མྱུར་བགྲོད་གཞུང་ལམ་གཙོ་བོ་ཁག་དང་གྲོང་ཁྱེར་ཆེ་འབྲིང་གི་གྲོང་ཁྱེར་ནས་ཕར་འགྲོ་ཚུར་འོང་བྱེད་པའི་འགྲིམ་འགྲུལ་འཁོར་རྒྱུག་གི་གནོན་ཤུགས་སྔར་བཞིན་ཧ་ཅང་ཆེན་པོ་ཡོད་པ་རེད། སྤྱི་ཟླ10པའི་ཚེས3ཉིན་དང་བསྡུར་ན། གྲོང་ཁྱེར་གཙོ་བོའི་གྲོང་ཁྱེར་ནས་ཐོན་པའི་རླངས་འཁོར་གྱི་གྲངས་འབོར་སྤྱི་ཡོངས་ནས་གྲོང་ཁྱེར་དུ་ཡོང་མཁན་རླངས་འཁོར་ལས་མང་བ་ཡོད་པ་དང་། མཛེས་ལྗོངས་ཁུལ་དུ་ཡོང་མཁན་དང་ལམ་རྒྱུད་གཞུང་ལམ་ཐོག་འགྲིམ་འགྲུལ་འཁོར་རྒྱུག་བྱེད་ཚད་མང་དུ་འགྲོ་བ་ཡོད་ལ་ཉུང་དུ་འགྲོ་བ་ཡང་ཡོད། ཤིན་ཅང་ཐན་ཧྲན་སོགས་མཛེས་ལྗོངས་ཁུལ་གྱི་འཁོར་རྒྱུག་བྱེད་ཚད་མུ་མཐུད་འཕར་བཞིན་ཡོད་པ་དང་། ལེའོ་ཉིང་ཆན་ཧྲན་དང་། ཧྲའན་ཞི་ཧྭ་ཧྲན། ཡུན་ནན་གཡུས་ལུང་གངས་རི། བོད་ལྗོངས་ལྷ་སའི་མཛེས་ལྗོངས་སུ་འགྲོ་སའི་འགྲིམ་འགྲུལ་འཁོར་རྒྱུག་བྱེད་ཚད་ཁག་སོ་སོར68%དང་། 20%། 12.6%། 25%བཅས་འཕར་ཡོད་པ་རེད།

རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གཙོ་བོ་ཁག་གི་འགྲིམ་འགྲུལ་འཁོར་རྒྱུག་བྱེད་པའི་སྤྱི་འབོར་སྔར་བཞིན་མང་ཙམ་ཡོད་པ་དང་། མྱུར་བགྲོད་གཞུང་ལམ་ཁག་ཅིག་གི་གཞུང་ལམ་འགྲིམ་འགྲུལ་འཁོར་རྒྱུག་བྱེད་ཚད་སྤྱི་ཟླ10བའི་ཚེས3ཉིན་ལས་མང་དུ་ཕྱིན་ཡོད། སྤྱི་ཟླ10བའི་ཚེས4ཉིན་གྱི་ཆུ་ཚོད17བར་སླེབས་དུས། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ལ་མི5ཡན་རྐྱེན་ལམ་དུ་ཤོར་བའི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་གྱི་སྙན་ཞུ་འབྱོར་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག