མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་ཐེངས་དང་པོར་རླུང་ཁམས་ཆེན་མོའི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་གཏོང་བའི་སྟབས་བསྟུན་མ་ལག་བཙུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཁོར་ཡུག་སྲུང་སྐྱོབ་པུའུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་ལ་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་བ་དང་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་སྟེགས་བུ་བཙུགས་པ་མ་ཟད་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་དང་། གྲོང་ཁྱེར་གྱི་རླུང་ཁམས་ཆེན་མོའི་ཚབས་ཆེའི་སྦགས་བཙོག་གི་སྟབས་བསྟུན་སྔོན་ཇུས་སྒྲིག་བཟོའི་ཕྱོགས་སྟོན་ཞེས་པ་པར་འགྲེམ་བྱས་པ་དང་། ས་གནས་ཀྱིས་གཏན་འབེབས་བྱས་པའི་སྟབས་བསྟུན་ཇུས་གཞིར་མཛུབ་ཁྲིད་བྱེད་པ། སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ཁ་གཏད་འོས་འཚམས་བཅག་པ་མ་ཟད། པེ་ཅིན་དང་ཐན་ཅིན། ཧོ་པེ་བཅས་དང་མཐའ་འཁོར་ས་ཁུལ་གྱི་ཚབས་ཆེའི་སྦགས་བཙོག་གནམ་གཤིས་ཀྱི་སྟབས་བསྟུན་དོ་དམ་ལས་དོན་གྱི་ཇུས་གཞི་ཞེས་པ་གཏན་འབེབས་བཟོས་ཡོད་པ་རེད།

ཁོར་ཡུག་སྲུང་སྐྱོབ་པུས་ཁོར་ཡུག་དོ་དམ་བྱེད་པའི་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་ནས། ཆ་ཚང་བའི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་མ་ལག་ཁྲོད་ཚབས་ཆེའི་སྦགས་བཙོག་གནས་ཚུལ་འོག་གི་སྟབས་བསྟུན་སྒྲིག་གཞི་ནི་དེའི་ཁྲོད་མེད་དུ་མི་རུང་བའི་ལྷུ་ཚིགས་ཤིག་ཡིན་ཞེས་གསུངས་པ་དང་། ཁོར་ཡུག་སྲུང་སྐྱོབ་པུས་སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་ཐད་བྱ་ཐབས་ཁ་ཤས་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག