མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རྒྱལ་སྟོན་དུས་ཆེན་གྱི་ཚེས1ཉིན་ནས་ཚེས3ཉིན་བར་ཡུལ་སྐོར་བ་མིའི་ཐེངས་གྲངས་འབུམ1སྣེ་ལེན་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྟོན་དུས་ཆེན་གྱི་དུས་བཟང་གཟའ་འཁོར་རིང་ཉིང་ཞ་ཡི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཀྲུང་གོའི་ཡུལ་སྐོར་མཛེས་ལྗོངས་གྲགས་ཅན་གྱི་ཧྲ་ཧུའུ་མཚེའུ་ཡིས་ནུས་ཤུགས་ཡོད་དགུས་རྒྱལ་སྟོན་དུས་ཆེན་གྱི་དུས་བཟང་གཟའ་འཁོར་རིང་སྣེ་ལེན་དང་དོ་དམ་བདེ་འཇགས་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད། གསར་འགོད་པར་མཛེས་ལྗོངས་ཁུལ་གཙོ་བོ་ནས་ཤེས་རྟོགས་བྱུང་བར། སྣེ་ལེན་ཞུས་པའི་ཡུལ་སྐོར་བས་བསྟུད་མར་ཟིན་ཐོ་གསར་པ་གཏོད་པ་དང་། ཚེས1ཉིན་ནས་ཚེས3ཉིན་བར་ཡུལ་སྐོར་བ་མིའི་ཐེངས་གྲངས་འབུམ1ལ་སྣེ་ལེན་ཞུས་པ་དང་། དུས་མཚུངས་དང་བསྡུར་ན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་དུས་ཆེན་གྱི་ཚེས1ཉིན་ཧྲ་ཧུའུ་མཚེའུ་རུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མིའི་ཐེངས་གྲངས14000ཙམ་ཟིན་པ་དེ་ན་ནིང་དུས་མཚུངས་དང་བསྡུར་ན་ལྡབ་གཅིག་འཕར་བ་དང་། སྤྱི་ཟླ10པའི་ཚེས2ཉིན་ཡུལ་སྐོར་བའི་གྲངས་ཚད་མིའི་ཐེངས་གྲངས་ཁྲི4ལས་བརྒལ་ཡོད། སྤྱི་ཟླ10པའི་ཚེས3ཉིན་ཡུལ་སྐོར་བའི་གྲངས་ཚད་མིའི་ཐེངས་གྲངས45000ལས་བརྒལ་ནས་ཉིན་གཅིག་གི་ཡུལ་སྐོར་བའི་ཟིན་ཐོ་གཏོད་པ་རེད། ངལ་གསོའི་ཚེས1ནས་ཚེས3ཉིན་བར་གྱི་ཡུལ་སྐོར་བའི་གྲངས་ཚད་མིའི་ཐེངས་གྲངས་འབུམ1ལས་བརྒལ་ཡོད། གྲུ་སྡོད་པ་དང་། བྱེ་ཤུར་གློད་པ། རྔ་མོང་ལ་བཞོན་པ། བྱེ་ཐང་གི་རླངས་འཁོར་ལ་སྡོད་པ་སོགས་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་ཀྱི་མདུན་དུ་རུ་སྒྲིག་ནས་སྒུག་སྡོད་མཁན་ཡུལ་སྐོར་བས་ཁེངས་ཡོད་པ་རེད། ཁ་གཏད་སྔོན་ཇུས་སྣ་ཚོགས་གྲ་སྒྲིག་ཡག་པོ་བྱས་ཡོད་པས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ལུས་པའི་སྣང་ཚུལ་ཐོན་མེད་པ་དང་། མཛེས་ལྗོངས་ཁུལ་གྱི་སྒྲིག་ལམ་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག