མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་བདེ་པུའུ་ཡིས་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོ་ཉིན་མོ་རྫོགས་ལ་ཉེ་བའི་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བར་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:05

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུའུ་ཡིས་སྤྱི་ཟླ10བའི་ཚེས5ཉིན་གྱི་སྔ་དྲོར་བརྙན་འཕྲིན་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ། རྒྱལ་སྟོན་དུས་ཆེན་གྱི་ངལ་གསོ་ཉིན་མོ་རྫོགས་ལ་ཉེ་བའི་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་གནས་བབ་དང་ལས་འགན་ལ་དམིགས་ནས་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས། པེ་ཅིན་དང་ཐེན་ཅིན། ཧི་པེ། ཧྥུའུ་ཅན། ཀྲེ་ཅང་སོགས་ས་གནས་སྤྱི་བདེ་ལས་ཁུངས་བཅུ་གཉིས་ཀྱིས་རྒྱལ་སྟོན་དུས་ཆེན་གྱི་སྔོན་མའི་ཉིན་བཞིའི་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོ་ཉིན་མོ་རྫོགས་ལ་ཉེ་བའི་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བའི་ཆོས་ཉིད་དང་ཁྱད་ཆོས་ལ་དབྱེ་ཞིབ་བྱས། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོང་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྩ་འཛུགས་མགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ངལ་གསོ་ཉིན་མོ་རྫོགས་ལ་ཉེ་བའི་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བ་འགན་སྲུང་བྱེད་དགོས་ལ། ཏང་དང་མི་དམངས་ལ་འགན་འཁུར་བའི་སྙིང་སྟོབས་བཅངས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་འཆམ་མཐུན་གྱི་རྒྱལ་སྟོན་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག