མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལྗོངས་དང་གྲོང་ཁྱེར་ཁ་ཤས་ཀྱིས་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་དགོང་མོར་ཞི་ཅིན་ཕེན་གྱི་གསུང་བཤད་ལ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9བའི་ཚེས23ཉིན་ནས་ཚེས25ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། བསྟུད་མར་ཉིན་འགའི་རིང་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་མྱུར་དུ་སློབ་སྦྱོང་རྩ་འཛུགས་བྱས་ཏེ། གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། ལག་བསྟར་དང་དངོས་འབེབ་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོ་བསྡུ་བར་ཡར་སྐུལ་བཏང་།

ཞིང་ལྗོངས་དང་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཏང་ཨུས་ཡོངས་ཁྱབ་ཏུ་རྒྱུན་ལས་གྲོས་ཚོགས་དང་རྒྱུན་ལས་ཨུ་ཡོན་གྱི་རྒྱ་སྐྱེད་གྲོས་ཚོགས་དང་ཡང་ན་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བཅས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ལྗོངས་དང་གྲོང་ཁྱེར་ཁ་ཤས་ཀྱིས་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་དགོང་མོར་ཞི་ཅིན་ཕེན་གྱི་གསུང་བཤད་ལ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གཞུང་སྒྲུབ་ཐིན། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་སྒྲོག་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་བཅས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། རྒྱལ་དབང་ཁེ་ལས། མཐོ་རིམ་སློབ་གྲྭ་ཆེན་མོ་བཅས་ཀྱིས་ཏང་ཨུ་དང་ཏང་ཙུའུ་ཡི་གྲོས་ཚོགས་དང་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། ཐུན་མོང་གིས་སློབ་སྦྱོང་བྱེད་པ་དང་མི་འདང་ས་འཚོལ་ཞིབ་བྱས།

ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོས་བལྟས་ནས། བློ་མཐུན་ཞི་ཅིན་ཕེན་ཉིན་ཕྱེད་བཞི་བར་ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་རྒྱུད་རིམ་ཡོངས་སུ་ཞུགས་ཏེ། རྒྱ་ཆེའི་མགོ་ཁྲིད་ལས་བྱེད་པར་མིག་དཔེ་བསྟན་པར་མ་ཟད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འགན་ཁུར་བས་སྣེ་ཁྲིད་བཟང་བོ་བྱེད་པར་མིག་དཔེ་བསྟན་ཡོད་པར་སྙམ། པེ་ཅིན་དང་ཀོང་ཏུང་། ཞིན་ཅང་སོགས་ས་ཁུལ་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རེ་བ་ལྟར། དམངས་གཙོ་འཚོ་བའི་ཚོགས་འདུའི་གྲ་སྒྲིག་བྱ་བར་ད་རུང་མི་འདང་ས་ཡོད་པས། ཧི་པེ་ཞིང་ཆེན་གྱི་ཉམས་མྱོང་སྤྱད་དེ་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་བསྡུ་རྒྱུ་ཡིན་ཟེར། ཅི་ལིན་དང་ཧྲན་ཞི། ཧྥུའུ་ཅན། ཞ་མིན། ཉིན་ཞ། མཚོ་སྔོན། བོད་ལྗོངས་སོགས་ཞིང་ལྗོངས་ཀྱི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་ཚད་གཞི་ཇེ་མཐོར་གཏོང་བ་དང་། ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་ཏེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་རྒྱུར་སྣེ་ཁྲིད་བྱེད་རྒྱུའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག