མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྟོན་ཡུལ་སྐོར་ནང་ཡ་རབས་ལྡན་པའི་འགྲུལ་བཞུད་ལས་ཤུགས་རྐྱེན་བཟང་པོ་མངོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-05 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྟོན་གུང་གསེང་རིང་། ས་གནས་ཁག་དང་མཛེས་ལྗོངས་ཁུལ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་བྱེད་སྒོ་ཁྱབ་གདལ་གཏོང་བ་དང་དུས་མཚུངས། ད་དུང་གཅིག་རྗེས་གཉིས་མཐུད་ངང་སོ་སོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་བཅའ་ཁྲིམས་དྲིལ་བསྒྲགས་དང་ཡ་རབས་ཡུལ་སྐོར་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ་ནས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་དང་མི་ཚོའི་ཁྲོད་དུ་ཤུགས་རྐྱེན་བཟང་པོ་མངོན་ཡོད་པ་རེད།

སྤྱི་ཟླ10བའི་ཚེས1ཉིན་གྱི་སྔ་དྲོ། ཧོའང་ཧྲན་གྱི་པེ་ཧེ་མཛེས་ལྗོངས་ཁུལ་དུ། ཡུལ་སྐོར་བ་དང་ལག་གདང་སྦྲེལ་ནས་ཡ་རབས་ལྡན་པའི་ཡུལ་སྐོར་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དང་ལེན་ཧུར་ཐག་བྱས་ཏེ། གཅིག་རྗེས་གཉིས་མཐུད་དུ་འཕྲེད་འགེལ་སྦྱར་ཚིག་མདུན་དུ་ཡོང་ནས་རང་མིང་བཀོད་པ་དང་། རང་ཉིད་ནས་ཡ་རབས་ལྡན་པའི་ཡུལ་སྐོར་དར་སྤེལ་བྱེད་སྒོར་རྒྱབ་སྐྱོར་བྱེད་ལུགས་མཚོན་པར་བྱས་པ་རེད།

ཉིན་ཤས་བསྟུད་མར། ཐན་ཅིན་ཡུལ་སྐོར་ལས་རིགས་ནས་ཡུལ་སྐོར་བཅའ་ཁྲིམས་དེ་བཅུ་པའི་ཚེས1ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་པ་དེ་གོ་སྐབས་ལ་བརྩིས་ནས། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་སྐུ་མགྲོན་ཚོར་ཡུལ་སྐོར་བའི་ཁེ་དབང་དང་འོས་འགན་གྱི་ཤེས་བྱ་ཁྱབ་གདལ་དང་བདེ་འཇགས་ངང་ཡུལ་སྐོར་དང་ཡ་རབས་ངང་འགྲོ་བསྐྱོད་བྱེད་རྒྱུ་དར་སྤེལ་བཏང་ཡོད་པ་རེད།

ཁུན་མེང་མེ་འཁོར་འབབ་ཚུགས་ནས་འགྲུལ་བཞུད་གཅིག་བསྡུས་ཡིན་པའི་འབབ་ཚུགས་མདུན་གྱི་ཐང་ཆེན་དུ། ཡ་རབས་ཡུལ་སྐོར་གྱི་ཞབས་ཞུའི་སྟེགས་བུ་བསྐྲུན་ཡོད་པ་རེད།

སྤྱི་ཚེས2ཉིན་གྱི་སྔ་དྲོ། ཝུ་ཧན་ཧོའང་ཧེ་ལའུ་ཐོག་ཁང་མདུན་དུ། རླངས་འཁོར་གཏོང་མཁན་རུ་མི100ཙམ་ལས་གྲུབ་པའི་རང་གི་རླངས་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་མཁན་དཔུང་ཁག་གཅིག་ཐོན་གྲ་སྒྲིག་ནས་ཡོད་པ་དང་། ཧུའུ་པེ་དང་ཧུའུ་ནན། ཨན་ཧུའེ། ཅང་ཤི་བཅས་ནས་ཡོང་བའི་ཡ་རབས་ལྡན་པའི་ཡུལ་སྐོར་དྲིལ་བསྒྲགས་བྱེད་མཁན་དང་བླངས་པ་དེ་དག་ནས། རླངས་འཁོར་བཏང་ནས་ཡུལ་སྐོར་བྱེད་རིང་ལམ་བར་དུ་ཡུལ་སྐོར་བཅའ་ཁྲིམས་དང་ཡ་རབས་ལྡན་པའི་ཡུལ་སྐོར་དྲིལ་བསྒྲགས་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག