མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མཚོ་དམག་གིས་བཟོ་དབྱིབས་གསར་པའི་ཚད་ལེན་གྲུ་གཟིངས་ཞིག་ཤི་ཧྲ་མཚོ་བརྒྱུད་དུ་འཚོལ་སྐྱོབ་ལས་དོན་གྲུབ་པར་མངགས་གཏོང་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-05 11:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་དམག་གི་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱུང་བར། འཚོལ་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་ཆེད། སྤྱི་ཟླ10བའི་ཚེས3ཉིན་མཚོ་དམག་གིས་བཟོ་དབྱིབས་གསར་པའི་ཚད་ལེན་གྲུ་གཟིངས་གཅིག་ཤི་ཧྲ་མཚོ་བརྒྱུད་དུ་འཚོལ་སྐྱོབ་ལས་དོན་གྲུབ་པར་མངགས་ཡོད་པ་རེད། ཆུ་ཚོད16:50ཐོག མིང་ལ་ནན་ཚེ429ཞེས་པའི་གཟུགས་གཉིས་ཚད་ལེན་གྲུ་གཟིངས་དེ། ཀོང་ཀྲོའུ་ཡི་དམག་དོན་གྲུབ་ཁ་ཞིག་ནས་ཤི་ཧྲ་མཚོ་བརྒྱུད་དུ་བསྐྱོད་འགོ་ཚུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲུ་གཟིངས་དེ་སྔོན་རྩིས་བྱས་ནས་སྤྱི་ཚེས5ཉིན་གྱི་མཐོ་རེངས་ཆུ་ཚོད5པར་ལས་འགན་སྒྲུབ་ཡུལ་གྱི་མཚོ་བརྒྱུད་དུ་འབྱོར་གྱི་ཡོད་པ་དང་། གྲུ་གཟིངས་ཐོག་གི་སྒྲིག་ཆས་ཐད་སྔོན་ཐོན་གྱི་རྒྱ་མཚོའི་མཐིལ་ལ་འཚོལ་ཞིབ་བྱེད་པའི་སྒྲིག་ཆས་མང་པོ་ཡོད། འཚོལ་ཞིབ་བྱེད་པའི་གཏིང་ཚད་རིང་ཤོས་ལ་སྤྱི་ཁྲི་བདུན་སྟོང་ཟིན་གྱི་ཡོད་པས། ཆུ་འོག་གི་དངོས་པོར་གནས་ལ་འཁེལ་བའི་སྒོ་ནས་གནས་འཁེལ་བྱེད་ཐུབ་ཀྱི་ཡོད་པ་རེད། གཙོ་བོ་ཆུ་འོག་དུ་འཐིམ་པའི་གྲུ་གཟིངས་དང་གྲུ་གཟིགས་བཀག་སར་ལྟ་ཞིབ་བྱ་རྒྱུ་དང་། ཆུ་ལམ་འཚོལ་ཞིབ་བྱེད་པའི་ལས་འགན་གྲུབ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག