མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2012ལོར་ཨ་རི་དེ་ཀྲུང་གོས་ཐད་ཀར་མ་འཇོག་བྱེད་ས་ཆེ་གྲས་ཨང་གཉིས་པར་གྱུར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-05 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའུ་དང་རྒྱལ་ཁབ་བསྡོམས་བརྩིས་ཅུས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་བཅས་ཀྱིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་སྤེལ་བའི་སྤྱི་ལོ2012ལོའི་ཀྲུང་གོའི་ཕྱི་ཕྱོགས་ཐད་ཀའི་མ་འཇོག་བསྡོམས་བརྩིས་སྤྱི་བསྒྲགས་ལས་མངོན་པར། སྤྱི་ལོ2012ལོར་ཀྲུང་གོས་ཨ་རིར་མ་འཇོག་བྱེད་ཚད་འཕར་སྣོན་མགྱོགས་པོ་ཡོད་པ་དང་། ལོ་ཧྲིལ་པོར་རིམ་བརྩིས་བྱས་ན་ཨ་སྒོར་དུང་ཕྱུར40ལས་བརྒལ་ནས་དུས་མཚུངས་ལས123%འཕར་ཡོད་པ་དང་། ཨ་རི་དེ་ཀྲུང་གོའི་ཤང་ཀང་རྗེས་ཀྱི་ཀྲུང་གོས་ཐད་ཀར་མ་འཇོག་བྱེད་ཡུལ་ཆེ་གྲས་ཨང་གཉིས་པར་གྱུར་ཡོད་པ་རེད།

སྤྱི་བསྒྲགས་ལས་མངོན་པར། སྤྱི་ལོ2012ལོར་ཀྲུང་གོའི་ཕྱི་ཕྱོགས་ཐད་ཀའི་མ་འཇོག་ཨ་སྒོར་དུང་ཕྱུར878ཀྱི་ལོ་རྒྱུས་ཟིན་ཐོ་བསྐྲུན་ཡོད་པ་དེ་དུས་མཚུངས་ལས17.6%འཕར་ཡོད་པ་དང་ཐེངས་དང་པོར་འཛམ་གླིང་གི་ཕྱི་ཕྱོགས་མ་འཇོག་རྒྱལ་ཁབ་ཆེན་པོ་གསུམ་གྱི་གྲས་སུ་གྱུར་ཡོད། སྤྱི་ལོ2012ལོའི་ལོ་མཇུག་བར་སླེབས་དུས། ཀྲུང་གོའི་ཕྱི་ཕྱོགས་ཐད་ཀའི་མ་འཇོག་རིམ་བརྩིས་བྱས་ན་ཨ་སྒོར་དུང་ཕྱུར5319ཟིན་པ་དང་འཛམ་གླིང་ཧྲིལ་པོའི་ཨང13ལ་སླེབས་ཡོད། འོན་ཀྱང་དེ་ཨ་རིའི་ཕྱི་ཕྱོགས་མ་འཇོག་གསག་འབོར་གྱི10.2%ལས་ཟིན་གྱི་མེད་པ་རེད།

བསྡོམས་བརྩིས་ལས་མངོན་པར། ས་ཁོངས་ཕྱི་རོལ་གྱི་ཁེ་ལས་ནས་སྦྱིན་བདག་རྒྱལ་ཁབ་གྱི་ཁྲལ་བསྡུའི་ལས་ཞུགས་ཐད་ལེགས་སྐྱེས་མངོན་གསལ་དོད་པ་དང་། ཕྱི་ཕྱོགས་མ་འཇོག་ཐད་ཕྱོགས་གཉིས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཡོད། སྤྱི་ལོ2012ལོར་ཕྱི་རྒྱལ་གྱི་གླ་པ་མི་གྲངས709000ཙམ་གླས་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ནས་ཡོང་བའི་གླ་པ་མི་གྲངས89000ཙམ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག