མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དུས་བཟང་གཟའ་འཁོར་རིང་སྣེ་ལེན་ཞུས་པའི་འགྲུལ་པ་འཕར་ཚད24.11%ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-05 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་གུང་གསེང་ཡུལ་སྐོར་ཁང་གི་མཐུན་སྦྱོར་གྲོས་ཚོགས་གཞུང་ལས་ཁང་གི་བརྡ་ཁྱབ་ལ་གཞིགས་ན་སྤྱི་ཟླ10པའི་ཚེས1ཉིན་གྱི་ཆུ་ཚོད17བར་རྒྱལ་ཡོངས་ཀྱི་ལྟ་ཞིབ་བྱེད་པའི་ནང་བཅུག་པའི་མཛེས་ལྗོངས་ཁུལ122ཀྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་བྱེ་བ6.6912སྣེ་ལེན་ཞུས་ཡོད་པ་དང་། དུས་མཚུངས་དང་བསྡུར་ན་འཕར་ཚད24.11ཟིན་ཡོད། སྒོ་བསྟེན་པ་སེའི་ཡོང་འབབ་སྒོར་དུང་ཕྱུར1.52468ཟིན་པས་དུས་མཚུངས་དང་བསྡུར་ན་འཕར་ཚད25.76%ཟིན་ཡོད།

གསར་འགོད་པར་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། སྤྱི་ཟླ10པའི་ཚེས1ཉིན་རྒྱལ་ཡོངས་ཀྱི་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་འཇགས་བརྟན་པོ་དང་སྒྲིག་ལམ་ཡོད་པ་དང་ཡུལ་སྐོར་བར་སྐྱེལ་འདྲེན་བྱེད་ཚད་མིའི་ཐེངས་གྲངས་བྱེ་བ1.327ཟིན་པས་ཐེངས་དང་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་པ་མིའི་ཐེངས་གྲངས་བྱེ་བ1ལས་སྒྲོལ་ཡོད་པ་རེད།

རྒྱལ་སྟོན་དུས་ཆེན་གྱི་དུས་བཟང་གཟའ་འཁོར་གྱི་ཉིན་དང་པོར་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་མང་ཤོས་ཡིན་པ་རེད། ལྕགས་ལམ་སྡེ་ཁག་གི་སྐྱེལ་འདྲེན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་པེ་ཅིན་ནས་ཀོང་ཏུང་དང་། ཧར་པིན་ནས་ཏ་ལན། ཉིང་ཤ་ནས་ཧོང་ཀྲོའུ་སོགས་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱས་ནས་སྐྱེལ་འདྲེན་བྱེད་ནུས་ཤུགས་སྣོན་བརྒྱབ་ཐོག འགྲུལ་པ་ཕྱོགས་ཐོན་གྱི་དགོས་མཁོ་སྐོང་རྒྱུར་འགན་ལེན་ཏན་ཏིག་བྱས་ཡོད་པ་རེད།

ལྕགས་ལམ་སྡེ་ཁག་གིས་འཕྲིན་སྦྲེལ་དྲ་བ་དང་ཁ་པར་གྱི་ཐོག་ནས་པ་སེ་མངག་ཉོ་བྱས་པའི་འགྲུལ་པས་དུས་ཐོག་ལ་མེ་འཁོར་འབབ་ཚུགས་ཀྱི་པ་སེ་ཉོ་སའམ་ཚབ་འཚོང་བྱེད་ས་ནས་པ་སེ་ལེན་དགོས་པའི་དྲན་བརྡ་གཏོང་རྒྱུ་མ་ཟད། མིག་སྔར་རྒྱལ་སྟོན་དུས་ཆེན་གྱི་དུས་བཟང་གཟའ་འཁོར་གྱི་སྐྱེལ་འདྲེན་བྱེད་མང་ཤོས་དང་ཏག་ཏག་འཁེལ་ཡོད་པ་ས་མེ་འཁོར་པ་སེ་དངོས་མིང་ལམ་ལུགས་ལག་ལེན་བསྟར་བཞིན་པས་རྒྱ་ཆེའི་ཡུལ་སྐོར་བས་པ་སེ་ཉོ་སའི་ཐབས་ལམ་ཡང་དག་ལ་བརྟེན་ནས་པ་སེ་ཉོ་རྒྱུ་དང་། མེ་འཁོར་འབབ་ཚུགས་སུ་འཛུལ་སྐབས་ཕེབས་ལམ་ལ་འཐུས་སྒོ་མི་ཤོར་བའི་ཆེད་དུ་པ་སེ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར། ཕྱོགས་ཐོན་འགྲུལ་པ་རང་ཉིད་བཅས་ཀྱི་ཆ་འཕྲིན་གཅིག་མཚུངས་ཡིན་དགོས་པའི་དྲན་བརྡ་ཡང་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག