མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་གཉེར་ཁེ་ལས་སྟོབས་ཆེན་ལྔ་བརྒྱའི་ལས་རིགས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་རྣམ་པ་མངོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-05 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པས་ཉིན་ཤས་གོང་ཁྱབ་སྤེལ་བྱས་པའི་སྤྱི་ལོ2013ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན་ལྔ་བརྒྱའི་བརྟག་ཞིབ་སྙན་ཞུའི་ནང་། སྤྱི་ལོ2012ལོར། དམངས་གཉེར་ཁེ་ལས་སྟོབས་ཆེན་ལྔ་བརྒྱ་ནི་སྔར་བཞིན་ཐོན་ལས་གཉིས་པའི་ནང་གཅིག་བསྡུས་བྱས་ཡོད་ནའང་། ཐོན་ལས་གསུམ་པའི་བསྡུར་ཚད་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད་ཅེས་འཁོད་འདུག

སྙན་ཞུའི་ནང་མངོན་པར། ན་ནིང་དམངས་གཉེར་ཁེ་ལས་སྟོབས་ཆེན་ལྔ་བརྒྱ་དེ་བཟོ་སྐྲུན་ལས་རིགས་ཀྱིས་གཙོ་ཁྲིད་བྱེད་པ་དང་། ཨར་སྐྲུན་ལས་རིགས་མངོན་གསལ་དོད་པོས་འཕར་སྣོན་འགྲོ་བ་མ་ཟད་ཨང་དང་པོར་སླེབས་པ། ལྕགས་དང་ངར་ལྕགས་ལས་རིགས་མངོན་གསལ་དོད་པོས་ཆག་ཡོད་པ་རེད།

སྙན་ཞུའི་ནང་དུས་མཚུངས་སུ་མངོན་པར། ལས་རིགས་མི་འདྲ་བའི་བར་ལས་གཉེར་ལས་ཆོད་ཀྱི་ཁྱད་པར་མངོན་གསལ་དོད་པ་དང་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ལས་རིགས། གཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་ལས་ཆོད་མཐོ་བ་དང་། ལྕགས་དང་ངར་ལྕགས་ལས་རིགས་ཀྱི་ལས་གཉེར་ལས་ཆོད་ཅུང་དམའ་པོ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག