མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་མ་ལེ་ཞི་ཡ་ལས་རིགས་ཁག་གི་ཕྱི་སྡོད་རང་མི་དང་ཀྲུང་གོ་བས་བཤམས་པའི་དགའ་བསུའི་གོང་ཚིགས་ལ་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:30

02.jpg

  སྤྱི་ཟླ10བའི་ཚེས4ཡི་ཉིན། མ་ལེ་ཞི་ཡ་རུ་རྒྱལ་དོན་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ཅི་ལུང་ཕོ་ནས་མ་ལེ་ཞི་ཡ་ལས་རིགས་ཁག་གི་ཕྱི་སྡོད་རང་མི་དང་ཀྲུང་གོ་བས་བཤམས་པའི་དགའ་བསུའི་གོང་ཚིགས་ལ་ཞུགས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལེ་ཞི་ཡ་རུ་རྒྱལ་དོན་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་སྤྱི་ཟླ10བའི་ཚེས4ཡི་ཉིན་ཅི་ལུང་ཕོ་ནས་མ་ལེ་ཞི་ཡ་ལས་རིགས་ཁག་གི་ཕྱི་སྡོད་རང་མི་དང་ཀྲུང་གོ་བས་བཤམས་པའི་དགའ་བསུའི་གོང་ཚིགས་ལ་ཞུགས།

  ཞི་ཅིན་ཕེན་གྱིས་ཤིས་ཚིག་འབུལ་སྐབས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་མ་ལེ་ཞི་ཡའི་ཕྱི་སྡོད་རང་མི་དང་ཀྲུང་གོ་བར་བླ་མེད་གུས་སེམས་བསྟན། ཞི་ཅིན་ཕེན་གྱིས་མ་ལེ་ཞི་ཡ་ནི་ཕྱི་སྡོད་རང་མི་དང་ཀྲུང་གོ་བ་ཆེས་མང་སའི་རྒྱལ་ཁབ་ཏུ་གཏོགས་པ་དང་། ལོ་ངོ་བརྒྱ་ཕྲག་འགའི་རིང་ལ། ཀྲུང་གོ་བ་སྐོར་དང་སྐོར་ཞིག་རྒྱ་མཚོ་ཆེན་མོ་བརྒལ་ཏེ། གནས་འདི་རུ་གཞིས་ཆགས་པ་དང་། ཁོ་ཚོས་དཀའ་སྤྱད་ལས་བསྐྲུན་ལ་བརྟེན་ནས། མ་ལེ་ཞི་ཡའི་དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཡར་ཐོན། སྤྱི་ཚོགས་འཆམ་མཐུན། རིགས་རྒྱུད་མཐུན་སྒྲིལ་ཡོང་བར་བྱས་རྗེས་གལ་ཆེན་བཞག་ཅེས་བསྟན།

  ཞི་ཅིན་ཕེན་གྱིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་མཚམས་སྦྱོར་བྱས་བར་མ་ཟད། མ་ལེ་ཞི་ཡ་རུ་ཡོད་པའི་རྒྱ་ཆེའི་ཕྱི་སྡོད་རང་མི་དང་ཀྲུང་གོ་བས་གོ་སྐབས་དམ་འཛིན་དང་། ཁྱད་སྟོབས་མུ་མཐུད་དུ་འདོན་སྤེལ་བྱེད་པ། ཀྲུང་གོ་དང་མ་ལེ་ཞི་ཡའི་བར་གྱི་མཉམ་ལས་ལ་ཡར་སྐུལ་དང་། རང་སྟེང་གི་ལས་དོན་སྔར་ལས་འཕེལ་རྒྱས་སུ་བཏང་ནས། ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་མང་ཙམ་འཇོག་རྒྱུ་དང་། ཀྲུང་གོ་དང་མ་ལེ་ཞི་ཡ་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ལས་དོན་ཆེན་པོའི་ཐད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས་པའི་ཐུགས་རེ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག