མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མ་ལེ་ཞི་ཡའི་ཆེས་མཐོའི་མགོ་གཙོ་ཧཱ་ལིས་མུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:29

01.jpg

  སྤྱི་ཟླ10བའི་ཚེས4ཡི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་རྒྱལ་བོའི་ཕོ་བྲང་ནས་མ་ལེ་ཞི་ཡའི་ཆེས་མཐོའི་མགོ་གཙོ་ཧཱ་ལིས་མུས་ལ་མཇལ་འཕྲད་གནང་། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས4ཡི་ཉིན་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་རྒྱལ་བོའི་ཕོ་བྲང་ནས་མ་ལེ་ཞི་ཡའི་ཆེས་མཐོའི་མགོ་གཙོ་ཧཱ་ལིས་མུས་ལ་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་ཧཱ་ལིས་མུའུ་ལ་གསུང་རྒྱུར། 1974ལོར་སྐུ་ཞབས་ལགས་ཀྱིས་མ་ལེ་ཞི་ཡའི་འགན་ཁུར་ཐེངས་ལྔ་བའི་ཆེས་མཐོའི་མགོ་གཙོའི་འགན་ཁུར་བའི་སྐབས་སུ། ཀྲུང་གོ་དང་མ་ལེ་ཞི་ཡའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས། སང་ལོ་ནི་ཀྲུང་གོ་དང་མ་ལེ་ཞི་ཡའི་བར་འབྲེལ་བ་བཙུགས་ཏེ་ལོ་བཞི་བཅུ་འཁོར་བའི་ལོ་ཡིན་ལ། འདས་ཟིན་པའི་ལོ་ཟླར་ཕྱིན་དྲན་བྱས་ན། རྒྱལ་ཁབ་གཉི་ཀའི་མི་རབས་འགའི་མགོ་ཁྲིད་པ་དང་རྒྱལ་ཁབ་གཉི་ཀའི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་མ་ལེ་ཞི་ཡ་བར་གྱི་འབྲེལ་བར་དུས་ཚོད་དང་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་པ་དང་། སྐྱོན་བྲལ་བ་དང་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟ་བུའི་གསོན་ཤུགས་རྒྱས། མ་ལེ་ཞི་ཡ་ནི་ཀྲུང་གོའི་ཨེ་ཤ་ཡ་མནའ་འབྲེལ་གྱི་ཉོ་ཚོང་གྲོགས་པོ་ཆེས་ཆེན་པོར་གྱུར་ཡོད་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཉིན་རེ་བཞིན་དམ་ཟབ་ཏུ་འགྱུར་བཞིན་ཡོད་ལ། ཐུན་མོང་གི་ཁེ་ཕན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད།

  ཞི་ཅིན་ཕེན་གྱིས་དཔལ་འབྱོར་འཛམ་གླིང་ཅན་དང་སྤྱི་ཚོགས་ཆ་འཕྲིན་ཅན་དུ་འགྱུར་བཞིན་པའི་དེང་གི་དུས་འདིར། ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་མདུན་ལམ་དང་ལས་དབང་གཉིས་སྔར་ལས་དམ་པོར་སྦྲེལ་ཡོད་ལ། ཀྲུང་གོ་དང་མ་ལེ་ཞི་ཡ་བར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀར་ཧ་ཅང་གལ་ཆེ། ངས་ཙུང་ལི་ན་ཅི་པུའུ་དང་ལྷན་དུ་ཀྲུང་གོ་དང་མ་ལེ་ཞི་ཡ་བར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཕྱོགས་སུ་ཇེ་མཐོར་གཏོང་རྒྱུ་ཐག་བཅད་པ་དང་། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ཀྱི་ལྟ་བ་གལ་ཆེན་གཅིག་མཐུན་བྱུང་། ང་ཚོས་མ་ལེ་ཞི་ཡ་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་ཡར་སྐུལ་དང་། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་འབྱུར་བ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉི་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན།

  ཧཱ་ལིས་མུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་ཐེབས་འདིར་འཚམས་འདྲིར་ཕེབས་པ་ལས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་བར་གྱི་བརྩེ་བ་ཟབ་མོ་དང་ཕན་ཚུན་བར་གྱི་ཡིད་ཆེས་བརྟན་པོ་བདེན་དཔང་བྱས་པ་དང་། རྒྱལ་ཁབ་གཉི་ཀའི་མཛའ་མཐུན་མཉམ་ལས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བར་ཡར་སྐུལ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་མགོ་གསར་བ་ཞིག་བརྩམས་པ་མཚོན་ཡོད་ཟེར།

 ཕུན་ལིས་ཡོན་དང་ཝང་ཧུའུ་ཉིན། ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་གོང་གི་བྱ་འགུལ་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག