མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་བཟང་བོར་བསྡུ་དགོས་པའི་སྐོར་གྱི་བརྡ་ཐོ»པར་ནས་བཀྲམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་དགོས་པའི་སྐོར་གྱི་བརྡ་ཐོ»པར་ནས་བཀྲམས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ད་ལྟའི་ཆབ་སྲིད་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས་དམ་འཛིན་དང་ལེགས་འཛིན་བྱེད་དགོས་པར་མ་ཟད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་བསྡུ་རྒྱུའི་བསམ་བློའི་གོ་རྟོགས་སྔར་ལས་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བཏོན།

«བརྡ་ཐོའི»ནང་བཀོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དེས་ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཁས་ལེན་གང་ལེགས་མཛད་དེ། རྩད་བཅད་པའི་གནད་དོན་གཙོ་བོ་དག་ཐེར་བཅོས་སྐྱོང་བྱེད་པའི་རེ་བ་གསལ་བོ་བཏོན་པར་མ་ཟད། སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དུས་རིམ་སྔོན་མའི་བྱ་བར་ཁས་ལེན་གང་ལེགས་མཛད་དེ། མགོ་ཁྲིད་ཚན་ཁག་གིས་གནད་དོན་རྩད་གཅོད་པ་དང་རང་སྟེང་གི་གནད་དོན་ཐག་གཅོད་པའི་ནུས་པ་མཐོར་འདེགས་གཏོང་བར་དམིགས་ཏེ་རེ་བ་བཞི་བཏོན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་བསྡུ་བ་དང་། ཏང་ནང་ཁུལ་གི་འཚོ་བའི་སྤུས་ཚད་དངོས་སུ་མཐོར་འདེགས་སུ་གཏོང་བར་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསུང་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་། རིག་ལམ་གསལ་བོ་བྱས་ཏེ། སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བ་དང་། ཆོད་སེམས་བརྟན་པོ་བཅངས་ཏེ་སྤྱོད་ངན་གྱི་གནད་དོན་དངོས་སུ་ཐག་གཅོད་དགོས་ཟེར།

«བརྡ་ཐོའི»ནང་ནན་གྱིས་བསྟན་དོན། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་རྒྱུན་འཁྱོངས་དང་། སྐྱོང་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་རྒྱུ་རྒྱུན་འཁྱོངས། ཏང་ནང་ཁུལ་གྱི་འཚོ་བ་ནན་མོ་རྒྱུན་འཁྱོངས། ཏང་གཤིས་རྩ་དོན་གྱི་རྨང་གཞིའི་སྟེང་གི་མཐུན་སྒྲིལ་རྒྱུན་འཁྱོངས་བཅས་བྱེད་དགོས་ཟེར།

«བརྡ་ཐོའི»ནང་གསུང་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་མཛུབ་སྟོན་བྱེད་པ་དང་། རྩད་བཅད་པའི་གནད་དོན་མྱུར་དུ་དག་ཐེར་བཅོས་སྐྱོང་བྱེད་དགོས་པར་མ་ཟད། དུས་རྒྱུན་དུ་བྱ་བ་སྤྱི་བསྡོམས་བྱས་ནས་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བར་དངོས་སུ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག