མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཅི་ལུང་ཕོ་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་དཔལ་འབྱོར་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་ནས་གསུངས་བཤད་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:29

117596397_21n.jpg

  སྤྱི་ཟླ10བའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཅི་ལུང་ཕོ་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་དཔལ་འབྱོར་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་གསུངས་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་རྣམ་གཉིས་སྤྱི་ཟླ10བའི་ཚེས4ཉིན་གྱི་ཕྱི་དྲོར་ཅི་ལུང་ཕོ་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་དཔལ་འབྱོར་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་གསུངས་བཤད་གལ་ཆེན་གནང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལས་རིགས་ཀྱི་མི་སྣས་གོ་སྐབས་དམ་འཛིན་བྱས་ནས་གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་རེ་བ་བཏོན།

  ཞི་ཅིན་ཕེན་གྱིས་ཤིས་ཚིག་འབུལ་སྐབས་གསུངས་རྒྱུར། ཀྲུང་གོ་དང་མ་ལེ་ཞི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་སོ་དགུའི་རིང་ལ་གཉིས་ཕན་མཉམ་ལས་སྔར་ལས་ཇེ་མང་དུ་སོང་། ཀྲུང་གོ་བསྟུད་མར་ལོ་བཞི་ལ་མ་ལེ་ཞི་ཡའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་པ་དང་མ་ལེ་ཞི་ཡ་ཡང་བསྟུད་མར་ལོ་ལྔ་ལ་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཀྲུང་གོའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་ལ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་དེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་བར་གྱི་མཉམ་ལས་མདུན་གྲས་སུ་སླེབས་ཡོད་ཟེར།

  ཞི་ཅིན་ཕེན་གྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་མཛད་པར་མ་ཟད། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་ཞིང་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུགས་སྔར་ལས་བརྟན་འཇགས་དང་འཕར་སྣོན་སྤུས་ཚད་སྔར་ལས་མཐོ་ཞིང་འཕར་སྣོན་མདུན་ལྗོངས་སྔར་ལས་རྒྱུན་མཐུད་ཡིན་ལ། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ལས་མཉམ་ལས་མཉམ་རྒྱལ་སྔར་ལས་འབུར་ཐོན་ཡིན་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྔར་ལས་ཡིད་འཇོག་བྱེད་བཞིན་ཡོད། ཀྲུང་གོས་ཨེ་ཤ་ཡ་དང་འཛམ་གླིང་ཡོངས་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཞེས་ནན་གྱིས་བསྟན་པར་བ་ཟད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལས་རིགས་མི་སྣས་གོ་སྐབས་དམ་འཛིན་བྱས་ནས་མུ་མཐུད་དུ་ཀྲུང་གོ་དང་མ་ལེ་ཞི་ཡའི་གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་པའི་ཐུགས་རེ་བཏོན།

  ན་ཅི་པུའུ་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། མ་ལེ་ཞི་ཡ་དང་ཀྲུང་གོས་ཕན་ཚུན་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་དུ་བརྩི་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པ་གོ་སྐབས་སུ་བཟུང་སྟེ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་མངོན་འགྱུར་བྱས་ནས། ས་གནས་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག