མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཅི་ལུང་ཕོ་ལ་འབྱོར་ཏེ་མ་ལེ་ཞི་ཡ་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-04 11:05


སྤྱི་ཟླ10བའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཅི་ལུང་ཕོ་གྲོང་ཁྱེར་ལ་འབྱོར་ཏེ། མ་ལེ་ཞི་ཡ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་བཅུ་བའི་ཚེས3ཉིན་ཅི་ལུང་ཕོ་གྲོང་ཁྱེར་ལ་འབྱོར་ཏེ། མ་ལེ་ཞི་ཡ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ས་དེའི་དུས་ཚོད་བཅོ་བརྒྱད་དང་སྐར་མ་ཞེ་ལྔའི་སྟེང་། ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཅི་ལུང་ཕོ་གྲོང་ཁྱེར་གྱི་ཞོ་པང་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་བབས། ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ལ་མ་ལེ་ཞི་ཡའི་འཕྲོད་སྟེན་པུའུ་ཀྲང་སུའུ་པུའུ་ལ་མ་ཉེ་ཡ་བཟའ་ཟླ་སོགས་ཀྱིས་དགའ་བསུ་ཐོབ།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་ནི་ས་ཁུལ་འདིའི་རྒྱལ་ཁབ་གཙོ་བོ་ཡིན་པ་དང་། དེ་ལ་ཐུན་མོང་གི་ཁེ་ཕན་ཆེན་པོ་ལྡན་པས། ཀྲུང་གོ་དང་མ་ལེ་ཞི་ཡ་བར་འཐབ་ཇུས་མཉམ་ལས་ཟབ་མོ་བྱེད་པ་ནི་དམངས་ཀྱི་འདོད་བློ་དང་དུས་ཀྱི་འཕེལ་ཕྱོགས་རེད། ངས་ཆེས་མཐོའི་མགོ་གཙོ་ཧཱ་ལིས་མུའུ་དང་ཙུང་ལི་ན་ཅི་པུའུ་གཉིས་ལ་ཐུག་འཕྲད་བྱེད་པ་དང་། ཀྲུང་གོ་དང་མ་ལེ་ཞི་ཡའི་དཔལ་འབྱོར་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་རྒྱུ་མ་ཟད། ལས་རིགས་ཁག་གི་མཛའ་མཐུན་མི་སྣར་འབྲེལ་འདྲིས་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་དང་། མཉམ་ལས་ཆུ་ཚད་ཇེ་མཐོར་བཏང་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ལ་ཡར་སྐུལ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་རེ་སྒུག་བྱས་ཡོད།

ཞི་ཅིན་ཕེན་ནི་ཧིན་རྡུ་ཉི་ཡར་རྒྱལ་དོན་འཚམས་འདྲི་མཛད་པ་མཇུག་རྫོགས་རྗེས་ཅི་ལུང་ཕོ་གྲོང་ཁྱེར་དུ་ཕེབས་པ་ཡིན་ལ། ཡ་ཅ་ཏ་དང་ཁ་འབྲལ་སྐབས། ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་མ་ཏུས་དང་། ཉོ་ཚོང་པུའུ་ཀྲང་ཅི་ཐ་སོགས་ཀྱིས་གནམ་གྲུ་ཐང་ནས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྐྱེལ་མ་བྱས།

མ་ལེ་ཞི་ཡར་འཚམས་འདྲི་མཛད་རྗེས། ཞི་ཅིན་ཕེན་ད་དུང་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲད་དུ་ཕེབས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས་རྒྱུ་རེད།

དགོང་མོར། ཙུང་ལི་ན་ཅི་པུའུ་བཟའ་ཟླ་གཉིས་ཀྱིས་ཆེད་དུ་ཁྱིམ་ཚང་གི་གསོལ་སྟོན་བཤམས་ཏེ། ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ལ་བསུ་བ་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག