མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་པུའུ་ཏིས་ཡོ་ནོ་དང་་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-04 11:05


སྤྱི་ཟླ10བའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཡ་ཅ་ཏ་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་པུའུ་ཏིས་ཡོ་ནོ་དང་མཇལ་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས3ཉིན་ཡ་ཅ་ཏ་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་པུའུ་ཏིས་ཡོད་ནོ་དང་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་གསུང་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན། ཙུང་ཐུང་སུའུ་ཞི་ལོ་དང་ངེད་གཉིས་ཀྱི་བར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་ས་བབ་དང་མཉམ་ལས་ཀྱི་འཐབ་ཇུས་དོན་སྙིང་ཐད་ལ་ངོས་འཛིན་ཟབ་མོ་དང་ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་ཡོད་ལ། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱེད་རྒྱུ་ཐག་བཅད་པས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྔར་ལས་རྒྱ་ཆེ་བའི་མདུན་ལྗོངས་གསར་གཏོད་བྱས་ཡོད། ཕྱོགས་གཉིས་ཀྱིས་འཛམ་གླིང་ཡོངས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་གནས་བབ་ཐད་ལ་དུས་རྒྱུན་ཏུ་ལྟ་ཚུལ་བརྗེ་རེས་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

པུའུ་ཏིས་ཡོ་ནོ་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡ་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་པར་རེ་བ་བྱེད་ཀྱིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ནུས་ཡོད་སྒོས་སྐུལ་འདེད་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག