མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་སྟེང་ཁ་ཡིག་ལ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལས་དབང་གི་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-04 11:05


སྤྱི་ཟླ10བའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གསུམ་ཉིན་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་སྟེང་ཁ་ཡིག་ལ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལས་དབང་གི་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས3ཉིན་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་སྟེང་ཁ་ཡིག་ལ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལས་དབང་གི་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གསུངས་བཤད་གནང་སྟེ། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཐད་བཏོན་པའི་ཁྱིམ་མཚེས་མཛའ་མཐུན་སྲིད་ཇུས་ཕྱོགས་ཡོངས་ནས་རྒྱས་བཤད་མཛད་པར་མ་ཟད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་གྱི་ཐབས་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་དང་སྔར་ལས་དམ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལས་དབང་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ནས། མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བ་ནི་ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བའི་སྟེང་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་གཞན་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀ་དར་རྒུད་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་གི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོར་འགྱུར་བར་བྱས་ནས། སྔར་ལས་དམ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལས་དབང་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་བློ་བརྟན་འགྱུར་མེད་སྒོས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པར་མ་ཟད་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་ངེས་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨེ་ཤ་ཡ་དང་འཛམ་གླིང་ཡོངས་ལ་སྐྲུན་པ་ནི་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་པ་ལས་འཇིགས་སྣང་མིན། ཀྲུང་གོས་མུ་མཐུད་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཨེ་ཤ་ཡ། འཛམ་གླིང་བཅས་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སྤྱོད་བྱེད་དུ་འཇུག་འདོད་ཡོད་ཟེར།

རྒྱལ་ཚོགས་སྟེང་མ་ཨར་ཙོ་ཅི་ཡིས་ཤིས་ཚིག་འབུལ་སྐབས་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་སོང་བར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོ་དར་རྒྱས་གོང་འཕེལ་དུ་འགྲོ་ཞིང་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་བཅས་ཀྱི་སྨོན་འདུན་ཞུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག