ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9བའི་ཚེས23ནས་ཚེས25ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། བསྟུན་མར་ཉིནའགའི་རིང་ལ། ས་གནས་ཁག་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་དགོངས་དོན་ལ་སློབ་སྦྱོང་བྱེད་པར་མྱུར་དུ་རྩ་འཛུགས་བྱས་ཏེ། ཀྲུང་དབྱང་བརྙན་འཕྲིན་ཁང་གི«གསར་འགྱུར་མཉམ་སྒྲོག»ལེ་ཚན་གྱི་འབྲེལ་ཡོད་གསར་འགྱུར་དང་ཆེན་སྒྲིག་ལེ་ཚན་ལ་ལྟ་བ་དང་། ཞི་ཧྭ་གསར་འགྱུར་ཁང་གིས་བཀོད་པའི«སྤོབས་པ་ཆེན་པོས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་ལེགས་པོ་བཀོལ་སྤྱོད་བྱེད་པ»ཞེས་པའི་དངོས་བྲིས་རྩོམ་ཡིག ཀྲུང་དབྱང་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུབ་ཁང་གིས་བསྒྲིགས་ཏེ་བཀྲམས་པའི«ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་སྤུས་ཚད་མཐོ་བའི་ཆེད་དོན་དམངས་གཚོ་འཚོ་བའི་ཚོགས་འདུའི་»གནས་ཚུལ་བསྡུས་པ་བཅས་ལ་སློབ་སྦྱོང་བྱས་ཏེ། གསུང་བཤད་ཀྱི་དགོངས་དོན་ལ་ནན་ཏན་གྱིས་གོ་བ་ལེན་པ་དང་། ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་ལ་ཞིབ་འཇུགས་བྱས་ཏེ། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བར་ཡར་སྐུལ་བཏང་། །