མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཡ་ཅ་ཏ་གྲོང་ཁྱེར་དུ་འབྱོར་ཏེ་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:10


སྤྱི་ཟླ10བའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཡ་ཅ་ཏ་གྲོང་ཁྱེར་ལ་འབྱོར་ཏེ། ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས། འདི་ནི་ཧིན་རྡུ་ཉི་ཞི་ཡའི་སློབ་འབྲིང་སློབ་མས་ཞི་ཅིན་ཕེན་ལ་མེ་ཏོག་འབུལ་བའི་ཚུལ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་སྤྱི་ཟླ10བའི་ཚེས2ཉིན་ཡ་ཅ་ཏ་གྲོང་ཁྱེར་ལ་འབྱོར་ཏེ། ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ས་དེའི་དུས་ཚོད་བཅུ་གསུམ་དང་སྐར་མ་ལྔ་བཅུ་ཡས་མས་སུ། ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་དེ་ཡ་ཅ་ཏའི་ཧཱ་ལིས་མུའུ་གནམ་གྲུ་ཐང་ལ་བབས། ཧུན་རྡི་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་མ་ཏུས་བཟའ་ཟླ་དང་། ཉོ་ཚོང་པུའུ་ཀྲང་ཅི་ཐ་བཟའ་ཟླ་སོགས་ཀྱིས་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ལ་བསུ་བ་ཞུས།

ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་མི་དམངས་ལ་ཀྲུང་གོ་མི་དམངས་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་སྒྲོག་མཛད། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་གལ་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་། འཐབ་ཇུས་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱུ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉི་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་ཡར་སྐྱེད་བྱེད་པའི་ལོ་རྒྱུས་འཕེལ་ཕྱོགས་དང་མཐུན་ཞིང་། རང་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་ཕན་ཐོགས་པས། ཙུང་ཐུང་སུའུ་ཞི་ལོ་དང་ལྷན་དུ་ཕྱོགས་གཉི་ཀའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ། འབྱུང་འགྱུར་གྱི་མཉམ་ལས་འཆར་འགོད་དང་། ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་ངས་རེ་སྒུག་བྱས་ཡོད་ཅེས་ནན་གྱིས་བསྟན།

ཧིན་རྡུ་ཉི་ཞི་ཡར་འཚམས་འདྲི་མཛད་རྗེས། ཞི་ཅིན་ཕེན་ད་དུང་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཅིག་པར་ཞུགས་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག