མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི་ཞུའུ་ཏེ་མེན་གྱིས་མཚོ་སྔོན་ལ་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ9བའི་ཚེས27ཉིན། རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི། པུའུ་ཀྲང་གཞོན་པ། རྒྱལ་ཁབ་ས་ཞིང་གི་སྤྱིའི་ལྟ་ཞིབ་པ་གཞོན་པ། རྒྱལ་ཁབ་ས་གཤིས་ཚད་ལེན་ས་བབ་ཆ་འཕྲིན་ཅུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུའུ་ཀྲང་ཞུའུ་མེན་ཏེ་སོགས་ཀྱིས་མཚོ་སྔོན་ལ་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། ཞུའུ་མེན་ཏེ་སོགས་ཀྱིས་རྒྱལ་ཁོངས་ཐོན་ཁུངས་པུའུ་དང་རྒྱལ་ཁབ་ས་གཤིས་ཚད་ལེན་ས་བབ་ཆ་འཕྲིན་ཅུའུ་ཡིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ཏེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱལ་ཐད་ལ་ཞབས་ཕྱི་སྒྲུབ་པ་དང་གཞི་རིམ་གྱི་བསམ་འཆར་བསྡུ་ལེན་བྱས་པར་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སོང་སྟེ། མཚོ་སྔོན་གྱི་རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཁྱབ་བཤེར་བྱ་བར་རོགས་སྐྱོར་བྱེད་བཞིན་པའི་རྒྱལ་ཁབ་ས་གཤིས་ཚད་ལེན་ས་བབ་ཆ་འཕྲིན་ཅུའུ་ཡི་ཐད་གཏོགས་རུ་ཁག་ཧྲན་ཞི་ས་གཤིས་ཚད་ལེན་ས་བབ་ཆ་འཕྲིན་ཅུའུ་ཡི་ལས་བྱེད་པ་དང་ལས་བཟོ་བར་སྐོར་བརྒྱབ།

མཚོ་སྔོན་གྱི་ས་གཤིས་ཚད་ལེན་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་མཉམ་དུ། ཞུའུ་མེན་ཏེ་ཡིས་བཤད་རྒྱུར། རྒྱལ་ཁབ་ཀྱིས་ཐོག་དང་པོར་སྒྲུབ་མགོ་བརྩམས་པའི་རྒྱལ་ཡོངས་ཀྱི་ས་གཤིས་ཁྱབ་བཤེར་བྱ་བ་ལས་ས་གཤིས་ཚད་ལེན་དང་ས་བབ་ཆ་འཕྲིན་དེས་རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཀྱི་གལ་ཆེན་རང་བཞིན་དང་དགོས་མཁོ་མཚོན་ཡོད་པས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་མགོ་ཁྲིད་ལ་ཤུགས་བསྣོན་པ་དང་། བྱ་བ་དེར་ཧ་ཅང་མཐོང་ཆེན་བྱས་ནས། སྟོབས་ཤུགས་ཡོད་དགུས་རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཁྱབ་བཤེར་བྱ་བ་བཟང་བོར་བསྒྲུབ་དགོས། ས་གཤིས་ཚད་ལེན་ས་བབ་ཆ་འཕྲིན་དོ་དམ་ལས་ཁུངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་ཏེ། བྱ་བའི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། དོ་དམ་ནུས་པ་དང་ཞབས་ཞུའི་ཆུ་ཚད་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག