མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་པེ་ཅིན་ཀྲུང་ཀོན་ཚུན་ནས་གསར་སྐྲུན་གྱིས་འཕེལ་རྒྱས་སྐུལ་བའི་འཐབ་ཇུས་ལག་བསྟར་བྱེད་པ་བརྗོད་བྱ་ཡིན་པའི་ཐུན་མོང་གི་སློབ་སྦྱོང་ཐེངས9བ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:16


སྤྱི་ཟླ9བའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་པེ་ཅིན་ཀྲུང་ཀོན་ཚུན་ནས་གསར་སྐྲུན་གྱིས་འཕེལ་རྒྱས་སྐུལ་བའི་འཐབ་ཇུས་ལག་བསྟར་བྱེད་པ་བརྗོད་བྱ་ཡིན་པའི་ཐུན་མོང་གི་སློབ་སྦྱོང་ཐེངས་དགུ་བ་སྤེལ། འདི་ནི་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུང་ཧྲན། ཝང་ཆི་ཧྲན། ཀྲང་གོ་ལིས་སོགས་ཀྱིས་ཀྲུང་ཀོན་ཚུན་ཚན་རྩལ་གསར་སྐྲུན་ཁེ་ལས་དང་ཚན་ཞིབ་ལས་ཁུངས་གསར་སྐྲུན་གྲུབ་འབྲས་གཙོ་བོར་གཟིགས་པའི་ཚུལ་རེད།

འདི་ནི་ཚན་རྩལ་གྲུབ་འབྲས་གཙོ་བོར་གཟིགས་རྗེས། གླེང་མོལ་བྱེད་ཞོར་དུ་ཚོགས་རར་ཕེབས་པའི་ཚུལ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རེ་བཞི་འཁོར་བའི་སྔོན་དག་དག་སྟེ། སྤྱི་ཟླ9བའི་ཚེས30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གསར་སྐྲུན་གྱིས་འཕེལ་རྒྱས་སྐུལ་བའི་འཐབ་ཇུས་ལག་བསྟར་བྱེད་པ་བརྗོད་བྱ་ཡིན་པའི་ཐུན་མོང་གི་སློབ་སྦྱོང་ཐེངས9བ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས། གསར་སྐྲུན་གྱིས་འཕེལ་རྒྱས་སྐུལ་བའི་ཐབས་ཇུས་ལག་བསྟར་བྱེད་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཚན་རྩལ་གསར་སྐྲུན་གྱི་ནུས་པ་ཆེན་པོར་ངོས་འཛིན་གལ་ལེགས་བྱེད་དགོས་པ་དང་། ཚོར་བ་རྣོན་པོར་བརྟེན་ནས་འཛམ་གླིང་ཚན་རྩལ་གསར་སྐྲུན་གྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གསར་བའི་གོ་སྐབས་དམ་འཛིན་དང་དེ་བེད་སྤྱད་དེ། གསར་སྐྲུན་གྱིས་འཕེལ་རྒྱས་སྐུལ་བ་དེ་འབྱུང་འགྱུར་ལ་ཁ་ཕྱོགས་པའི་འཐབ་ཇུས་འགངས་ཆེན་ཞིག་ཏུ་བརྩིས་ཏེ་ལག་བསྟར་བཟང་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་གི་སློབ་སྦྱོང་དེ་ཀྲུང་ནན་ཧེ་ནས་ཀྲུང་ཀོན་ཚུན་ལ་སྤར་ཏེ། རྟོག་ཞིབ་དང་འཆད་ཁྲིད། བགྲོ་གླེང་བཅས་ཟུང་འབྲེལ་གྱི་ཚུལ་དུ་སྤེལ་བ་རེད།

ཀྲུང་ཀོན་ཚུན་ནི་རང་རྒྱལ་གྱི་མཐོ་གསར་ལག་རྩལ་ས་ཁུལ་ཐོག་མ་དང་། རྒྱལ་ཁབ་ཀྱི་རང་བདག་གསར་སྐྲུན་དཔེ་སྟོན་ས་ཁུལ་ཐོག་མའང་རེད། ལོ་ཉི་ཤུ་ལྷག་གི་འཕེལ་རྒྱས་བརྒྱུད་དེ། གནས་དེར་མཐོ་གསར་ལག་རྩལ་ཁེ་ལས་ཁྲི་གཉིས་ཙམ་འདུས་ཡོད་པ་དང་། ན་ནིང་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་མངོན་འགྱུར་བྱུང་བ་དང་། ཁེ་ལས་ཀྱི་ལས་གཉེར་བ་ས་ཡ་གཅིག་དང་འབུམ་ལྔ་ཁྲི་དྲུག་ལ་བསླེབས། ཀྲུང་ཀོན་ཚུན་རྒྱལ་ཁབ་རང་བདག་གསར་སྐྲུན་དཔེ་སྟོན་ཁུལ་གྱི་འགྲེམ་སྟོན་ལྟེ་གནས་ནི་ཀྲུང་ཀོན་ཚུན་རང་བདག་གསར་སྐྲུན་གྲུབ་འབྲས་གཅིག་བསྡུས་ཀྱིས་འགྲེན་སྟོན་བྱེད་སའི་སྟེགས་བུ་ལྟ་བུ་ཡིན་ལ། པེ་ཅིན་གྲོང་ཁྱེར་གྱི་ཚན་རྩལ་ཁྱབ་བརྡལ་རྟེན་གཞི་གཙོ་བོའང་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག