མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས2013ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 12:00


སྤྱི་ཟླ9བའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས2013ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་བརྩེ་བའི་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ9བའི་ཚེས30ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་དེ་མིན་ཁོ་ཚོའི་ཁྱིམ་མི་རྣམས་ལ་བརྩེ་བའི་ངང་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད་རང་རྒྱལ་དུ་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་རྒྱལ་སྤྱིའི་གྲོགས་པོ། དེ་མིན་ཁོ་ཚོའི་ཁྱིམ་མི་བཅས་ལ་བླ་མེད་གུས་འདུད་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ནི་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་འབུར་ཐོན་བཞག་པའི་ཕྱི་རྒྱལ་གྱི་ཆེད་མཁས་བར་བཙུགས་པ་ཡིན། ད་ལོར་ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཆེད་མཁས་བ་ལྔ་བཅུ་ནི་རྒྱལ་ཁབ་ཉི་ཤུ་ནས་ཡོང་བ་དང་། 1991ལོའི་རྗེས་སུ་བསྡོམས་པས་རྒྱལ་ཁབ་དང་ས་གནས་རེ་བདུན་ནས་ཡོང་བའི་ཕྱི་རྒྱལ་གྱི་ཆེད་མཁས་པ་སྟོང་གཅིག་དང་ཉིས་བརྒྱ་གོ་དགུ་ལ་ཀྲུང་གོ་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལེ་དང་མ་ཁའེ་རྣམ་གཉིས་མཇལ་འཕྲད་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག