མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:40


སྤྱི་ཟླ9བའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ཆེ་བའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རེ་བཞི་འཁོར་བར་སྤྲོ་སེམས་འཕེལ་བའི་ངང་ནས་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཅི་ཧྲན། ཀྲང་གོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་རྒྱལ་ཁབ་ཕྱི་ནང་གི་མི་སྣ་བཅས་ལྷན་དུ་འཛོམས་ཏེ་རྒྱལ་སྟོན་དུས་ཆེན་ལ་རོལ།

སྤྱི་ཟླ9བའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ཆེ་བའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རེ་བཞི་འཁོར་བར་སྤྲོ་སེམས་འཕེལ་བའི་ངང་ནས་རྟེན་འབྲེལ་ཞུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ9བའི་ཚེས30ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ཆེ་བའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ64འཁོར་བར་སྤྲོ་སེམས་འཕེལ་བའི་ངང་ནས་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཅི་ཧྲན། ཀྲང་གོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་རྒྱལ་ཁབ་ཕྱི་ནང་གི་མི་སྣ་སྟོང་གཅིག་ལྷག་ལྷན་དུ་འཛོམས་ཏེ་རྒྱལ་སྟོན་དུས་ཆེན་ལ་རོལ།

སྣེ་ལེན་ཚོགས་འདུ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། ཞང་ཀང་དང་ཨོ་མིན་སྤུན་ཟླ་དང་ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མིའི་སྤུན་ཟླ་བཅས་ལ་སྙིང་ཉེ་བའི་ངང་ནས་ཁམས་འདྲི་དང་། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པའི་རྒྱལ་སྤྱིའི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

ལིས་ཁི་ཆང་གིས་ཀྲུང་གོ་གསར་བ་དབུ་བརྙེས་པ་དང་སྒོས་སུ་བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བརྒྱུད་དེ་གསར་སྤེལ་མདུན་སྐྱོད་བྱས་ཏེ། ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས་ཞེས་གསུངས།

ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་མགོ་ཚུགས་པའི་ལོ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་རྙིང་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་ལྟར་བརྡར་གཅོད་དང་ཇུས་གཞི་གཏན་ལ་ཕབ་ནས། དེང་ཕྱིན་གཉིས་ཀར་ཕན་པའི་སྲིད་ཇུས་དང་བྱེད་ཐབས་རབས་དང་རིམ་པ་ལག་བསྟར་བྱས། ཕྱོགས་མང་པོས་འབད་བརྩོན་བྱས་པར་བརྟེན། ད་ལྟའི་ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་མགོ་ཚུགས་པས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་སྔོན་བཀོད་དམིགས་འབེན་གཙོ་བོ་མངོན་འགྱུར་བྱེད་པར་ང་ཚོར་ཡིད་ཆེས་དང་ཆ་རྐྱེན། ནུས་པ་བཅས་ལྡན།

ལིས་ཁི་ཆང་གིས་བསྟན་དོན། རང་རྒྱལ་ད་ལྟ་དཔལ་འབྱོར་གྱི་འཕར་སྟངས་བསྒྱུར་བ་དང་རིམ་པ་སྤོར་བའི་གནད་འགག་གི་དུས་སུ་གནས་ཡོད་པས། དཀའ་ཁག་དང་འགྲན་རྩོད་ཧ་ཅང་མང་པོར་འཕྲད་སྲིད་པ་དང་། དེང་རབས་ཅན་མངོན་འགྱུར་བྱེད་ན་ད་དུང་ལམ་ཐག་ཧ་ཅང་རིང་བོ་བརྒྱུད་དགོས། མི་དམངས་ཀྱི་བློ་གྲོས་དང་གསར་སྐྲུན་ནི་ང་ཚོའི་རླབས་ཆེན་མེས་རྒྱས་འཕེལ་རྒྱས་དང་ཡར་ཐོན་འབྱུང་བའི་རྩ་བའི་སྟོབས་ཤུགས་ཡིན་ལ། སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་མངོན་འགྱུར་བྱེད་ན། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཞུམ་པ་མེད་པའི་འབད་བརྩོན་ལ་བརྟེན་དགོས། ང་ཚོས་འགན་འཁྲི་ཁུར་དུ་ལེན་ཕོད་པ་དང་། དཀའ་ཁག་ཁྱད་དུ་སེལ་ནས། བཅོས་སྒྱུར་མྱུར་དུ་ཕྱོགས་ཡོངས་ནས་ཟེ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཡུན་རིང་བོར་རྒྱུན་མཐུད་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་ཡར་ཐོན་འབྱུང་བར་ཡར་སྐུལ་གཏོང་དགོས། ང་ཚོས་དཔལ་འབྱོར་འཕར་སྟངས་བསྒྱུར་ཚད་མུ་མཐུད་ཇེ་མགྱོགས་སུ་གཏོང་བ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་ནས། ཀྲུང་གོའི་དཔལ་འབྱོར་འཕར་སྟངས་བསྐྲུན་པར་འབད་བརྩོན་བྱེད་རྒྱུ་དང་། ལས་ཞུགས་དེ་དམངས་འཚོ་ལེགས་བཅོས་བྱེད་པའི་གཞི་རྩར་འཛིན་པ་རྒྱུན་འཁྱོངས་དང་། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། རིག་གནས་སོགས་སྤྱི་ཚོགས་ཀྱི་ལས་དོན་སྣ་་ཚོགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དེ་མི་དམངས་ཡོངས་ལ་ལོངས་སུ་སྤྱོད་དུ་འཇུག་དགོས།

ལིས་ཁི་ཆང་གིས་མཇུག་མཐར་ང་ཚོས་ཁུར་དུ་བླངས་པའི་ལས་འགན་ནི་ཧ་ཅང་ལྗིད་ལ། ང་ཚོ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས། གསར་སྤེལ་གསར་སྐྲུན་དང་བྱ་བ་ལེགས་པོར་བསྒྲུབ་སྟེ། འབྱོར་ཕྱུག་དང་དམངས་གཙོ། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས།

རྒྱལ་སྲིད་ཨུ་ཡོན། ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་དབྱང་ཅིན་གྱིས་སྣེ་ལེན་ཚོགས་འདུར་མགོ་འཛིན་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག