མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་«ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་བྱེད་པའི་རྩ་གནད»ལ་གྲོས་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:19

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ9བའི་ཚེས30ཉིན་གྲོས་ཚོགས་བསྡུས་ཏེ། «ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་བྱེད་པའི་རྩ་གནད»ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བར་རྒྱས་བཤད་མཛད་པ་དང་དེ་ལ་གདེང་འཇོགས་མཐོན་པོ་གནང་ཡོད་ལ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་དང་མཉམ་འབྲེལ་བྱས་ནས་ཏང་གིས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པའི་མཛུབ་སྟོན་བསམ་བློ་གཏན་འཁེལ་བྱས། རྩ་འཛུགས་དང་རྩོམ་སྒྲིག་བྱས་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་བྱེད་པའི་རྩ་གནད་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་དང་ལག་ལེན་བྱེད་པར་སྐུལ་འདེད་གཏོང་བ་དང་སྔར་ལས་བཟང་བའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་འཁེལ་བྱས་པའི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་བྱེད་པའི་རྩ་གནད་ལ་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱས་ཏེ། རིག་ལམ་གསལ་བོ་བྱེད་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་ནས་བྱ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག