མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་དུ་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 11:07


སྤྱི་ཟླ9བའི་ཚེས29ཉིན་གྱི་དགོང་མོར། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་།

སྤྱི་ཟླ9བའི་ཚེས29ཉིན་གྱི་དགོང་མོར། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་ཞང་ཀང་དང་ཨོ་མིན། ཐེ་ཝན། ཕྱི་སྡོད་རང་མི་བཅས་ཀྱི་ལས་རིགས་སོ་སོའི་འཐུས་མི་ཉིས་སྟོང་བརྒྱད་བརྒྱ་ལྷག་མཉམ་དུ་འཛོམས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་བཞི་ལོན་པར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་བཅས་ཀྱིས་སྤྱི་ཟླ9བའི་ཚེས29ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་ཞང་ཀང་དང་ཨོ་མིན། ཐེ་ཝན། ཕྱི་སྡོད་རང་མི་བཅས་ཀྱི་ལས་རིགས་སོ་སོའི་འཐུས་མི་ཉིས་སྟོང་བརྒྱད་བརྒྱ་ལྷག་དང་མཉམ་དུ་འཛོམས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་བཞི་ལོན་པར་རྟེན་འབྲེལ་ཞུས།

ཡུས་ཀྲིན་ཧྲིན་གྱིས་སྣེ་ལེན་ཚོགས་ཐོག་ནས་ཤིས་ཚིག་ཕུལ། ཁོང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས་པའི་མགྲོན་པོ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པར་མ་ཟད། ཞང་ཀང་སྤུན་ཟླ་དང་ཨོ་མིན་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མི་བཅས་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཁོང་གིས་གསུངས་རྒྱུར། ཞང་ཀང་དང་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་རྗེས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དང་། ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་ཕྱོགས་ཡོངས་དང་ཡང་དག་སྒོས་ལག་བསྟར་བྱས་ཤིང་། གཞི་རྩའི་བཅའ་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམིགས་བསལ་སྲིད་འཛིན་ས་ཁུལ་གཉིས་ཀྱི་སྲིད་འཛིན་དཔོན་པོ་དང་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱས་པར་མ་ཟད། ཧུར་ཐག་སྒོས་ཞང་ཀང་དང་ཨོ་མིན་གྱི་འཛུགས་སྐྲུན་ལས་དོན་སྣ་ཚོགས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་བ་དང་། ཞང་ཀང་དང་ཨོ་མིན་དང་ནང་ལོག་གི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་ཞི་བའི་གཅིག་གྱུར་མངོན་འགྱུར་བྱེད་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་ཐུན་མོང་གི་རེ་འདུན་ཡིན། ཉེ་བའི་ལོ་འགའི་རིང་ལ་མཚོ་འགག་འགྲམ་གཉིས་ཀྱིས་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱས་པ་དང་གོ་གཉིས་ལོའི་ཐུན་མོང་གི་ལྟ་ཚུལ་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་ཀྲུང་གོ་གཅིག་གི་སྤྱི་ཁོག་ནང་གི་ཐུན་མོང་ལྟ་ཚུལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ཞིང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱས། ང་ཚོས་མུ་མཐུད་དུ་ཐེ་ཝན་བྱ་བའི་སྲིད་ཇུས་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བསའཕེལ་རྒྱས་སུ་འགྲོ་བའི་བསམ་བློ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཧུར་ཐག་སྒོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོ་སྲུང་སྐྱོབ་དང་འཛུགས་སྐྲུན་བཟང་བོ་བྱེད་ངེས་ཡིན་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། དུས་ཡུན་རིང་བོར་རྒྱ་ཆེའི་ཕྱི་སྡོད་རང་མིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་བཟང་རྒྱུན་འཁྱོངས་བྱས་པ་དང་རྒྱལ་གཅེས་ཁྱིམ་སྐྱོང་གི་བརྩེ་སེམས་དར་སྤེལ་བྱས་ནས། ཀྲུང་གོའི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པ་དང་མེས་རྒྱལ་གྱི་ཞི་བའི་གཅིག་གྱུར་གྱི་ལས་དོན་ཆེན་པོར་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་བརྒྱུད་སྒྲོག་བྱེད་པ། ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་མཛའ་མཐུན་བརྗེ་རེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་ཐུན་མོང་མ་ཡིན་པའི་ནུས་པ་བཏོན། ང་ཚོས་སྔོན་ཆད་དང་འདྲ་བར་མི་གཙོ་བོར་འཛིན་པ་དང་ཕྱི་སྡོད་རང་མི་ལ་ཞབས་ཕྱི་སྒྲུབ་པའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། ཕྱི་སྡོད་རང་མིའི་ཡུན་རིང་གི་འཚོ་གནས་དང་འཕེལ་རྒྱས་ལ་སེམས་ཁུར་བྱེད་པ་དང་ཁྲིམས་ལྟར་རྒྱ་ཆེའི་ཕྱི་སྡོད་རང་མི་དང་ཕྱིར་ལོག་པའི་ཕྱི་སྡོད་རང་མི། ཕྱི་སྡོད་རང་མིའ་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་མ་ཟད། ཚད་མཐོན་པོའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་དང་མཐུན་སྒྲིལ་དམ་པོ་བྱས་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་འདོན་ངེས་ཡིན་ཟེར།

རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་ཡིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་མགོ་འཛིན་བྱས་པ་དང་། པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་བློ་མཐུན་ཁ་ཤས་སྣེ་ལེན་ཚོགས་འདུར་ཞུགས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག