མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་སྟོན་དུས་ཆེན་གྱི་ཉིན་མོར་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་འབུལ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 11:06

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས1ཉིན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ64འཁོར་བའི་རྗེས་དྲན་ཉིན་མོ་ཡིན་ལ། ཉིན་དེའི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ཏེ། རྒྱལ་སའི་ལས་རིགས་ཁག་གི་འཐུས་ཚབ་དང་ལྷན་དུ་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་འབུལ་རྒྱུ་རེད།

སྐབས་དེར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་འཕྲིན་ལམ་དང་གསར་འགྱུར་འཕྲིན་ལམ། རྒྱལ་སྤྱིའི་རྒྱ་སྐད་འཕྲིན་ལམ། ད་དུང་དབྱིན་སྐད་འཕྲིན་ལམ་སོགས་ཕྱི་སྐད་འཕྲིན་ལམ་གྱིས་ཡུལ་དངོས་གྱི་གནས་ཚུལ་ཐད་གཏོང་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག