མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་བདེ་པུའུ་ཡིས་སྤྱི་བདེ་མི་དམངས་ཉེན་རྟོག་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་སྒྲིག་ཁྲིམས་གསུམ་གཏན་ལ་ཕབ་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-30 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུའུ་ཡིས་ཉེ་སྔོན་སྒྲིག་ཁྲིམས་གསུམ་གཏན་ལ་ཕབ་ནས་སྤྱི་བདེ་མི་དམངས་ཉེན་རྟོག་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་། སྒྲིག་ཁྲིམས་གསུམ་པོ་ནི། སྤྱི་བདེ་ཉེན་རྟོག་པས་མང་ཚོགས་ཉེན་ཁར་འཕྲད་ཚེ་འཛེམ་དོགས་མེད་པར་གདོང་ལ་མཆོང་རྒྱུ་དང་། ཆང་འཐུང་སྟེ་དོན་རྐྱེན་གཏན་ནས་བཟོ་མི་རུང་བ་དང་། མཚན་མོའི་རོལ་རྩེད་ཁང་དུ་གཏན་ནས་འགྲོ་མི་རུང་བ་བཅས་རེད།

སྤྱི་བདེ་མི་དམངས་ཉེན་རྟོག་པ་གོང་གི་གཏན་ཁེལ་དང་འགལ་ཚེ་སྔོན་ལ་བཀག་སྡོམ་བྱེད་རྒྱུ་ལས་གཞན། གནས་ཚུལ་གྱི་ཚབས་ཆེ་ཆུང་ལྟར་སྒྲིག་ཁྲིམས་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་། མཇུག་འབྲས་ཚབས་ཆེན་བཟོས་པ་དང་ཡང་ན་ཤུགས་རྐྱེན་ངན་པ་བཞག་པ་དག་མི་དམངས་ཉེན་རྟོག་པའི་གྲས་ནས་ཕྱིར་ཕུད་དེ། འབྲེལ་ཡོད་མགོ་ཁྲིད་པའི་འགན་འཁྲི་རྩད་གཅོད་རྒྱུ་རེད། དོན་དག་གསང་ནས་ཡར་ཞུ་མི་བྱེད་པ་དང་། འགེབས་སྲུང་བྱེད་མཁན་ལ་ཐག་གཅོད་ནན་མོ་བྱེད་རྒྱུ་དང་། ཁྲིམས་དང་འགལ་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་དགོས།

སྤྱི་བདེ་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་སྤྱི་བདེ་པུའུ་ཡིས་གཏན་ལ་ཕབ་པའི་སྒྲིག་ཁྲིམས་གསུམ་ནི་སྤྱི་བདེ་ལས་ཁུངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་འགངས་ཆེན་ཞིག་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པའི་སྤྱོད་ཚུལ་ཐད་བཏོན་པའི་རེ་བ་ནན་མོ་ཡིན་པས། རྒྱལ་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པས་སྒྲིག་ཁྲིམས་དེ་ཇི་མ་ཇི་བཞིན་དུ་ལག་བསྟར་ནན་མོ་བྱེད་དགོས་པར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་དང་མི་དམངས་མང་ཚོགས་ཀྱི་ལྟ་རྟོག་རང་རྟོག་གིས་དང་ལེན་བྱེད་དགོས་ཞེས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག