མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཁྲིམས་འཛིན་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-29 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལག་ལེན་བྱེད་སྐབས། མངོན་གསལ་དུ་བྱ་འགུལ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གནས་ཚུལ་ངོ་མ་ལ་ཞིབ་བཤེར་བྱས་ཤིང་ནུས་ལྡན་བྱེད་ཐབས་གཏན་འཁེལ་བྱས་པ་དང་། མང་ཚོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་མང་ཚོགས་ཀྱི་དུང་བ་ཇེ་དྲག་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཁྲིམས་འཛིན་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་།

མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མི་དམངས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞིའི་ཁྲོད་ནས་སྲིད་ཁྲིམས་བྱ་བ་དང་སྲིད་ཁྲིམས་དཔུང་སྡེའི་ཁྲོད་དུ་གནས་པའི་ཡོངས་ཁྱབ་རང་བཞིན་དང་འབུར་ཐོན་རང་བཞིན་གྱི་གནད་དོན་རྩད་གཅོད་ཞིབ་མོ་བྱེད་དགོས་པ་དང་། སྲིད་ཁྲིམས་བྱ་བ་དང་སྲིད་ཁྲིམས་དཔུང་སྡེའི་ཁྲོད་དུ་གནས་པའི་ཡོངས་ཁྱབ་རང་བཞིན་དང་འབུར་ཐོན་རང་བཞིན་གྱི་གནད་དོན་ཁྲོད་ནས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་སྤྱོད་ངན་བཞིའི་ཕྱོགས་སུ་གནས་པའི་འབུར་ཐོན་གནད་དོན་རྩད་གཅོད་དགོས་པའི་རེ་བ་བཏོན་པར་མ་ཟད། མིག་སྔར་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་ཁྲོད་དུ་གནས་པའི་འབུར་ཐོན་གནད་དོན་ལ་ཞིབ་བཤེར་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག