མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གཙོ་བོ་བརྒྱད་བསྒྲགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-29 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཡར་བསྐྱར་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གཙོ་བོ་བརྒྱད་བསྒྲགས་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པའི་རང་རྟོག་རང་བཞིན་དང་མཐའ་འཁྱོལ་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།

ཐེངས་འདིའི་དཔེར་མཚོན་དུ་གྱུར་བའི་གནད་དོན་བརྒྱད་པོ་ནི། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གཞོན་པ་སོགས་གཏན་ཁེལ་དང་འགལ་ཏེ་རྒྱས་སྤྲོས་རོལ་རྩེད་བྱ་འགུལ་ལ་ཞུགས་པ་དང་། སི་ཁྲོན་ཞིང་ཆེན་ལེང་ཧྲན་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་རྒྱལ་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཡིས་གཞུང་སྒོར་ལ་བརྟེན་ནས་རྒྱས་བཟའ་རྒྱས་འཐུང་བྱས་པ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལུང་ཧྲིན་རྫོང་ཏང་ཨུ་ཡིས་གཏན་ཁེལ་དང་འགལ་ཏེ་གཞུང་སྒོར་གྱིས་གསོལ་སྟོན་བཤམས་པ། ཨན་ཧོས་ཞིང་ཆེན་ལིག་ཨན་གྲོང་ཁྱེར་གཞུང་ལམ་ཅུའུ་ཡིས་གཞུང་དངུལ་བཀོལ་ཏེ་གསོལ་ཚིགས་ལ་རོལ་བ། ཧི་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་མི་རིགས་ཆོས་ལུགས་ཅུའུ་ཡིས་གཞུང་དངུལ་བཀོལ་ནས་གནས་སྐོར་དུ་ཕྱིན་པ། ཧུའུ་ནན་མཁར་གྲོང་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཡིས་གཏན་ཁེལ་དང་འགལ་ནས་གཞུང་སྤྱོད་རླངས་འཁོར་ཉོས་པ། ཧེ་ནན་ཞིང་ཆེན་འཕྲོད་སྟེན་སློབ་གྲྭས་གཞུང་སྒོར་བཀོལ་ནས་ཟླ་སྒོར་བག་ལེབ་ཉོ་བའི་བྱང་བུ་བྱིན་པ། ཅང་སུའུ་ཞིང་ཆེན་གྲིན་ཅང་ཁུལ་གསར་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡི་ཅུའུ་ཀྲང་གིས་གཞུང་དངུལ་ལ་བརྟེན་ནས་ཆང་རྩ་ཆེན་ཉོས་པ་བཅས་རེད། གོང་གི་གནད་དོན་དང་འབྲེལ་བ་ཡོད་པའི་མི་སྣ་ཡོངས་ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད།

བརྡ་ཐོ་ལས། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་མུ་མཐུད་དུ་སྒྲིག་ལམ་དམ་འཛིན་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་རྒྱུ་དང་། རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བས། གཞུང་དངུལ་ལ་བརྟེན་ནས་ལེགས་སྐྱེས་སྟེར་བ་དང་། གཞུང་དངུལ་བཀོལ་ཏེ་རྒྱས་བཟའ་རྒྱས་འཐུང་བྱེད་པ། གཞུང་དངུལ་ལ་བརྟེན་ནས་གནས་སྐོར་དུ་འགྲོ་བ་དང་རྒྱས་སྤྲོས་ཆུད་ཟོས་སོགས་ཀྱི་སྤྱོད་ཚུལ་ངན་པ་གཏན་འགོག་བྱེད་རྒྱུ་ལས་གཞན། སང་ལོའི་ལུགས་གསར་དང་ལུགས་རྙིང་ལོ་སར་དང་། རྒྱལ་ཡོངས་དང་ས་གནས་ཀྱི་གྲོས་ཚོགས་གཉིས་སྐབས་ཀྱི་སྒྲིག་ཁྲིམས་ལྟ་རྟོག་བྱ་བར་ཤུགས་བསྣན་ནས། སྤྱོད་ངན་བཞི་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག